e-texts navigator
Collection
Volume
Page
Wylie

3a1 སྣར་འཁྲུལ་ཞེ་ན། ཀུན་གཞིའི་ཀླུང་ཆེན་མ་འགག་པས།། མ་ནིང་རླུང་གི་འཁྲུལ་པ་ཡིན།། དེ་ཡང་ཀུན་གཞིའི་སྤྱན་ཡིན། ཏེ།། གཞི་གསུམ་དབྱེར་མེད་སྤྱན་ཆེན་པོ།། གྱེན་དང་ཐང་ཀར་ཐུར་དུ་གཟིགས།། གཟིགས་པའི་སྤྱན་གསུམ
3a2 ཁོང་ནས་ཤ་ར།། ཐུར་དུ་གཟིགས་པས་འགྲོ་དྲུག་སྤྱན།། འགྱུ་བའི་སྤྱན་གྱི་ཀུན་ཏུ་ལྟ།། འོད་ལྔ་ལམ་གྱི་ལྟ་ཕོ་ལ།། ཆགས་སྡང་ལྔ་ཡིས་འཁྲུལ་པ་ཡིན།། ལས་ནི་ལུང་མ་བསྟན་གྱི་ལས།། རྒྱུ་རྐྱེན་དུས་མཚུངས་རྒྱུ་ལྟར་འཁོར།། མ་རིག་འདམ་དུ་བྱིང་པ
3a3 ཡིན། དམྱལ་བ་ལ་སོགས་འགྲོ་དྲུག་འཁྲུལ།། ལས་དང་ལས་ཀྱི་འབྲས་བུ་ལུང་མ་བསྟན།། ཚེ་ཚད་ལ་སོགས་དུས་ལ་ངེས་པ་མེད།། དེ་ནི་ཐུར་དུ་གཟིགས་པའི་སྤྱན།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྤུད་པ་ལས།། འགྲོ་དྲུག་རང་སྣང་གི་ལེའུ་སྟེ།
3a4 གསུམ་པའོ།། ། དེ་ནས་གསང་བའི་བདག་པོ་ཡིས།། འགྲོ་དྲུག་འཁྲུལ་པ་ཇི་ལྟར་བཟློག། ཅེས་ཞུས་པས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འགྲོ་དྲུག་འཁྲུལ་པ་བཟློག་པ་ནི།། ངོ་བོ་ཉིད་ཀྱི་བྱིན་བརླབས་ནི།། ཆོས་ཀྱི་སྐུའི
3a5 ཀྱིན་བརླབ་སོ།། དེའི་བྱིན་བརླབས་རྡོ་རྗེ་སེམས་དཔའ་ཁྱོད།། དེའི་བྱིན་བརླབས་སྣང་བ་ཐུབ་པ་དྲུག། མཐུན་མོངས་བཟློག་པའི་སྟོན་པ་ཡིན།། ཁྱད་པར་བཀའ་རྒྱུད་བྱིན་རྒྱུད་དང་།། ཐུགསུ་རྒྱུད་པའི་སྟོན་པ་གསུམ།། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ནི
3a6 བྱིན་གྱིས་བརླབས་ཀྱིས་བསྐོར་བ་ཡིན།། མཆོག་གི་སྐུ་གསུམ་རང་སྣང་བས།། ཡེ་ཤེས་རང་སྣང་འཁོར་ལོ་བསྐོར།། རྟོགས་པས་ཡེ་ཤེས་འཁོར་ལོ་ཡིན།། ཆོས་ཀྱི་འཁོར་ལོ་ཕྱི་ནང་གསང་བ་གསུམ།། དེ་དོན་རྟོགས་པ་བྱིན་བརླབས




iiif viewer powered by OpenSeadragon

2b - 3b

Texts on this page

Gbr006.37 - lha rgyud rin po che spungs pa