e-texts navigator
Collection
Volume
Page
Wylie

21b1 ཟག་མེད་རྩ་ནི་བཀའ་རྒྱུད་ཡིན།། གཞིའི་རྩ་དང་རླུང་དང་ནི།། ཐིག་ལེ་ལྷན་གཅིག་སྐྱེས་ཡེ་ཤེས།། ལམ་དུ་ད་ལྟ་བར་ངོ་ལ།། ཟག་པ་མེད་པའི་ངོ་སྤྲོང་ཡིན།། འབྲས་བུ་རང་སར་གྲོལ་བའོ།། ངོ་སྤྲོད་ཤིན་ཏུ
21b2 གཅེས་པ་ཡིན།། དེ་ཡང་བཀའ་རྒྱུད་བྱིན་རྒྱུད་དང་།། ཐུགས་སུ་བརྒྱུད་པའི་རྩ་ཡིན་པས།། བསྐལ་པ་འཁྲུགས་ཀྱང་ཁར་མ་འབྱིན།། སེམས་ཅན་ལས་འཕྲོ་མེད་པ་དང་།། འོག་མའི་གྲུབ་མཐའ་སྒོར་ཞུགས་པས།
21b3 སྡང་ཞིང་བསྒྲག་ནས་བསྐུར་པ་འདེབས།། དེའི་རྣམ་སྨིན་འབྲས་བུ་ནི།། རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར།། དེས་ན་བསྐལ་པ་ཁར་མི་འབྱིན།། དུས་ངན་ཐ་མ་བྱུང་བའི་ཚེ།། མར་མེ་འཆི་ཀར་གསལ་བ་ཡིན།། བསྟན་པ
21b4 ནུབ་ཀར་དམ་ཆོས་དང་།། གསལ་བ་རང་གིས་འཆི་བ་ཡིན།། དར་བ་རང་གིས་ནུབ་པ་ཡིན།། ཅེས་གསུངས་སོ།། ལྷ་རྒྱུང་རིན་པོ་ཆེ་སྤུངས་པ་ལས། རྩ་རླུང་ཐིག་ལེ་ཡེ་ཤེས་རླུང་གི་ལེའུ་སྟེ། སོ་གཉིས་པའོ།།
21b5 དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་འདི།། ངོ་སྤྱོད་དབང་བསྐུར་རྒྱུད་ཡིན་ཏེ།། བྱིན་གྱི་རླབས་ཀྱི་བཤད་པ་ཡིན།། འཁོར་དོང་སྦུགས་རྒྱུད་དུ་ཟུང་།། ཡེ་ཤེས
21b6 སྤྱན་གསུམ་རྒྱུད་དུ་ཟུང་།། དབང་བསྐུར་རྒྱལ་པོའི་རྒྱུད་དུ་ཟུང་།། ཡེ་ཤེས་རྗེན་སྟོན་རྒྱུད་དུ་ཟུང་།། ཡེ་ཤེས་འཁོར་ལོའི་རྒྱུད་དུ་ཟུང་།། ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང་།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔས་གསོལ་བ




iiif viewer powered by OpenSeadragon

21a - 22a

Texts on this page

Gbr006.37 - lha rgyud rin po che spungs pa