e-texts navigator
Collection
Volume
Page
Wylie

9b1 པའི་དོན་འདི་བཤད་དུ་གསོལ།། ཅེས་ཞུས་པས། ཐེག་པ་ཀུན་གྱི་ཡང་རྩེ་ནི།། རྒྱུད་ལུང་ཐམས་ཅད་ཀྱི་དོན་དམ་འདིའོ།། རྡོ་རྗེ་སེམས་དཔའ་ངོ་བོས་བཤད།། རྒྱུད་ལུང་ཐམས་ཅད་བརྡའི་དོན།། དོན་འདི་རྟོགས་ན་ཐེགས་པ་ཐད།
9b2 ཀྱི་ཡང་རྩིའོ།། ལྟ་བ་ཐམས་ཅད་ཀྱི་ཡང་རབ་ནི།། ཐེག་པ་འོག་མ་བ་ལ་སོགས་པ་གཞན་ནི་དམིགས་ཡུལ་ཡིན།། འདི་ནི་དམིགས་པར་བྱ་བའི་ཡུལ་མེན་པས།། བསམ་པའི་ཡུལ་ལས་གྲོལ་བ་ཡི།། རིག་པའི་ཡེ་ཤེས་དང
9b3 དུ་འཆར།། དེས་ན་ལྟ་བ་ཐམས་ཅད་ཀྱི་ཡང་རབ།། ལུང་ཐམས་ཅད་ཀྱི་རྒྱལ་པོ་ནི།། ལུང་ནི་ཨ་ནུ་ཡོ་ག་ལ་བྱ་སྟེ། ལུང་དེ་འཛིན་པའི་དོན་རིག་པའི་ཡེ་ཤེས་སུ་འདུས་པས།། དེས་ན་ལུང་ཐ~ཾད་ཀྱི་ཡང་རབ་བོ།། རྒྱུད་ཐ~ཾད་ཀྱི་སྤྱི
9b4 འབྲེལ་ནི།། ཏནྟྲ་སྡེ་བསམ་གྱིས་མི་ཁྱབ་ཀྱང་།། ཐིག་ལེའི་དོན་འབྲལ་མེད་པས་ན། རྒྱུད་ཐམས་ཅད་ཀྱི་སྤྱི་འབྲེལ་ལོ།། མན་ངག་ཐམས་ཅད་ཀྱི་བཅུད་ནི།། ཉམས་བླངས་རིག་པའི་ཡེ་ཤེས་སུ།། ཐམས་ཅད་མ་ལུས་འདུས་པ་ན།
9b5 མན་ངག་ཐམས་ཅད་ཀྱི་བཅུད་དོ།། ཐེག་པའི་ཡང་རྩེ་ནི་རིམ་པ་དགུའོ།། ཡང་རྩེ་ནི་རིག་པ་ཕྱི་ནང་མེད་པའི་དོན་བསྟན་པའོ།། ཅེས་གསུང་སོ།། ཐིག་ལེ་འདུས་པ་ལས་ཡིད་ཆེས་ངེས་པ་ལྟ་བའི་ལེའུ་སྟེ་གཉིས་པའོ།། །།
9b6 དེ་ནས་ཡང་བཤད་བྱ་བ། ཉོན་ཅིག་ཐུགས་རྗེ་འགྲོ་བའི་བའི་མགོན།། ངོ་སྤོང་རྐང་གྲང་བསྟན་པ་ནི།། སྒྲུབ་པ་མ་ཧཱ་ཡོ་ག་ལ་ངོ་སྤྲད་པ་དང་།། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་དང་།། རྫོགས་ཆེན་ལ་ངོ་སྤྲད་པ་དང་།། སེམས་ཕྱོགས




iiif viewer powered by OpenSeadragon

9a - 10a

Texts on this page

Gbr006.33 - thig le 'dus pa'i phyi ma'i rgyud