e-texts navigator
Collection
Volume
Page
Wylie

9a1 ཡིས།། རྡོ་རྗེ་སེམས་དཔའ་ཉིད་ལ་བཤད།། དེ་ནས་དགའ་རབ་རྡོ་རྗེ་ལ།། ཚིག་རྒྱུད་གསལ་བར་བྱེད་པའི་དོན།། བྱིན་གྱིས་བརླབས་ཀྱིས་བཤད་པའི་ངོམ།། ཆོས་ཀྱི་དབྱིངས་དང་འོག་མིན་གནས།། རྡོ་རྗེ་གདན་དུ་གསུངས
9a2 པའི་རྒྱུད། ཉིད་ལས་མི་ཞན་རྒྱལ་སྲས་སྤྲུལ།། དབང་མེད་ངང་པས་འདུས་པའི་འཁོར།། ངོ་བོ་ཉིད་ཀྱི་བསྟན་པ་དང་།། ཐུགས་རྗེ་རང་ཤར་སྙན་པ་དང་།། ཐ་དད་མོས་པའི་བསྟན་པ་དང་། རང་སྣང་འབྱེད་པ་མེད་པའི་དུས།། ཐུགས་རྗེ་འགག
9a3 པ་མེད་པའི་དུས།། འགྲོ་བ་མེད་པའི་དུས་གསུམ་དུ།། ཐིག་ལེ་འདུས་པའི་རྒྱུད་དུ་བསྟན་པའོ།། ཅེས་གསུངསོ།། དེ་ནས་རོ་ལངས་བདེ་བའི་སཾ།། རྡོ་རྗེ་སེམས་དཔའ་ལ།། ངོ་སྤྲོད་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་རྣམསུ་བཤད་པའོ།། ངོ་སྤོང་སྦས
9a4 བདག་ལ་ཞུ། ཅེས་གསུང་སོ།། དེའི་ཚེ་དེའི་དུས་ན། རྣལ་འབྱོར་དབང་ཕྱུག་དགའ་རབ་རྡོ་རྗེ་ལ།། རྡོ་རྗེ་སེམས་དཔས་ལུང་བསྟན་པའི་རྒྱུད།། དམ་པའི་ངོ་སྤྲོད་ཡང་དག་བཤད་ཅེས་གསུངསོ།། ཐིག་ལེ་འདུས་པའི་ཕྱི་མའི་རྒྱུད་ལས་གླིང་གཞིའི་ལེའུ
9a5 སྟེ་དང་པོའོ།། ། དེ་ནས་ཡང་དག་བཤད་བྱ།། ཉོན་གཅིག་ཐུགས་རྗེ་འགྲོ་བའི་མགོན།། ཐིག་ལེ་འདུས་པའི་ཕྱི་རྒྱུད་འདི།། ཐེག་པ་ཐམས་ཅད་ཀྱི་ཡང་རྗེ།། ལྟ་བ་ཐམས་ཅད་ཀྱི་ཡང་རབ།། ལུང་ཐམས་ཅད་ཀྱི་རྒྱལ་པོ།
9a6 རྒྱུད་ཐམས་ཅད་ཀྱི་སྤྱི་འགྲེལ།། མན་ངག་ཐམས་ཅད་ཀྱི་བཅུད་ཕྱུང་པ།། ཐེག་པ་ཐམས་ཅད་ཀྱི་ཡང་རྩེའི།། གདམས་པ་མཐར་ཐུག་རྗེན་པར་སྟོན་པའོ།། ཅེས། གསུངས་སོ།། དེའི་རོ་ལངས་བདེ་བ་རྗེ་སུ་ཡིད་རང་ནས།། གདམ




iiif viewer powered by OpenSeadragon

8b - 9b

Texts on this page

Gbr006.33 - thig le 'dus pa'i phyi ma'i rgyud