e-texts navigator
Collection
Volume
Page
Wylie

20a1 འཆི་བའི་དུས་སུ།། རླུང་རྣམ་པ་ལྔ་རིམ་ཀྱིས་ཞི་ནས།། ཕྱི་འབྱུང་བ་ལྔ།། ནང་གི་འབྱུང་ལ་ལྔ་ལ་ཐིམ་ནས། ནང་གི་འབྱུང་བ་ལྔ་ཡུལ་ལྔ་མཁའ་འགྲོ་ཀློང་རྣམ་པ་ལྔ་ལ་ཐིམ།། ཡུལ་ལྔ་རིགས་ཀྱི་ཡུམ་ལྔ་ལ་ཐིམ་སྟེ།
20a2 ཡབ་སོ་སོའི་འབྲས་བུ་ལྔ་ལ་ཐིམ་ནས།། ཡིག་འབྲུ་ལྔ་ཡེ་ཤེས་ལྔ་ལ་ཐིམ་མོ།། ཡེ་ཤེས་ལྔ་འོད་ཀྱི་གོང་བུ་མཚོན་གྱི་གླུ་གུ་བརྫོགས་པ་བཞིན་དུ་གནསོ།། དེ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས། ན་ས་ལ་གཡས་གཡོན་དུ་འབྱུང་སྟེ། འཆི་ཀ་མའི་གདམས་ངག
20a3 དྲན་པར་བྱས་ལ།། འཛུག་མོ་གཡོན་པའི་རྩེ་ལ།། ཡི་གེ་ཨ་ཅིག་བསམ་ཞིང་།། ནས་གཡས་གཡོན་དགག་པར་བྱའོ།། དེའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་ངག་དྲན་པར་བྱའོ།། བར་དོའི་མན་ངག་རྐྱེན་གསུམ་དང་ལྡན་ན། མངོན་པར་རྫོགས་པར
20a4 སངས་རྒྱས་སོ།། ཡེ་ཤེས་ཁོང་གསལ་དྲན་པར་བྱའོ།། དེའི་ཡོན་ཏན་ནི་ཆོས་སྐུ་མཁའ་ཁྱབ་དང་ལྡན་ནོ།། རྫོག་སོ།། ། སངས་རྒྱས་ཐིག་ལེ་ཉག་ཅིག་ལ།། ཆོས་སྐུ་བརྡལ་ཁྱབ། རྟོགས་པར་བྱ་བ་འམ། རྩལ་བའི་ཆོས་མེད
20a5 སྟེ། གང་ཟག་བློའི་ངོས་ནས་གཉིས་སུ་མེད་པར་རྟོགས་དགོས་པ་ལས། རྩ་རླུང་ཐིག་ལེའི་གདམས་པ་བཤད་པར་བྱ།། དེ་ནས་གདམས་པ་ནི། རྩ་དང་ཐིག་ལེའི་གནད་གསུམ་རང་གྲོལ་དུ་ཤེས་དགོས་ཏེ།། ཐིག་ལེ་ཆེན་པོའི་རྩ་རླུང་འདི་ནི་ཕྱི་ནང་གས
20a6 བ་གསུམ་དུ་འདུས་པའོ།། དེ་ལ་ཐིག་ལེ་ཕྱི་ལྟར་བཤད་པ།། འབྱུང་བ་ལྔ་ནི་ངོ་བོ་འོད་གསལ་དེ་རང་གསལ་དུ་གནས་རང་བྱུང་ཡེ་ཤེསོ།། དེ་ནི་ཕྱིའི་ཐིག་ལེའོ།། ནང་གི་ཐིག་ལེ་ནི།། ངོ་བོ་རིག་པའི་ཡེ་ཤེས་རང་ཤར་ངོ་ཤེས་པའོ།། གསང་བའི་ཐིག




iiif viewer powered by OpenSeadragon

19b - 20b

Texts on this page

Gbr006.36 - thig le 'dus pa'i bu/ kun tu bzang pos sku gsum bsre ba'i man ngag