e-texts navigator
Collection
Volume
Page
Wylie

13b1 ཐུབ་དྲུག་གཞན་ནས་འཚོལ་བ་དེ།། དེ་ཡང་ཡིད་སྨོན་བློའི་ཆོས།། ཅེས་གསུང་སོ།། ཐིགེ་འདུས་པའི་རྒྱུད་ཕྱི་མ་ལས།། ཐུབ་པ་དྲུག་ལ་ངོ་སྤྲང་བའི་ལེའུ་སྟེ་བཅུ་བཞི་པའོ།།
13b2 དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་དགའ་རབ་རྡོ་རྗེ་ཁྱོད།། སྦུབས་གསུམ་དག་ལ་ངོ་སྤྲད་བསྟན་པ་ནི། ཕྱི་ནང་གསང་བ་གསུམ་དུ་བསྟན།། ཅེས་གསུང་སོ།། ཕྱིའི་སྦུབས་ནི་འོད་གསལ་བ། ལོངས་སྐུའི་སྦུབས་ནི་སྣང་བའོ།། ནང་གི་སྦུབས་ནི
13b3 རང་ལུས་སོ།། སྐུ་གསུམ་རང་རྟགས་སྣང་བའོ།། གསང་བའི་སྦུབས་ནི་རིག་པ་ལ།། ། ཡེ་ཤེས་གསུང་ཐུགས་རང་གྲོལ་ལོ།། ཕྱིའི་སྤྱན་གསུམ་བསྟན་པ་ནི།། གཡས་པ་ཐབས་དང་གཡོན་པ་ཤེས་རབ་ཅན།
13b4 དབུས་ན་ཡེ་ཤེས་སྤྱན་གནས་པ།། དེ་ནི་ཕྱིའི་སྤྱན་གསུམ་བསྟན་པ་ཡིན།། ནང་གི་སྤྱན་གསུམ་བསྟན་པ་ནི། སྙིང་ཁར་ཐབས་ལ་དམར་པོར་ཤེས།། ཟུང་དུ་འབྲེལ་པ་ཡེ་ཤེས་ཅན།། གསང་བའི་སྤྱན་གསུམ་བསྟན་པ་ནི།
13b5 ཐིག་ལེ་ཡེ་གསལ་ཐབས་ཀྱི་སྤྱན།། དེ་ཉིད་མངས་མེད་ཤེས་རབ་སྤྱན།། འདུ་འབྲལ་མེད་པ་ཡེ་ཤེས་སྤྱན།། སྤྱན་གསུམ་རང་ཆས་ཡིན་པ་ལ།། གཞན་ནས་ཐོབ་ཏུ་རེ་བ་ཡ་ཆ།། གྲོལ་བའི་དགོངས་པ་ཕྱི་ནང་གསང་བ་གསུ
13b6 འོད་ལས་གྲོལ་བ་ཟང་ཐལ་ཡུལ།། ལུས་ལས་གྲོལ་བས་ཡེ་ཤེས་སྤྱན།། རེག་པ་གྲོལ་བ་ཡེ་ཤེས་ཏེ།། དེ་ནི་གྲོལ་བ་རྣམ་གསུམ་ཡིན།། ཅེས་གསུང་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས། གྲོལ་བའི་དགོད་པ་བསྟན་པའི་ལེའུ་སྟེ་བཅཝོ་ལྔ་པའོ།




iiif viewer powered by OpenSeadragon

13a - 14a

Texts on this page

Gbr006.33 - thig le 'dus pa'i phyi ma'i rgyud