e-texts navigator
Collection
Volume
Page
Wylie

13a1 འོད་ཟེར་མཐིང་ཁ་ལ།། ཆགས་པས་བྱོལ་སོང་སྐྱེས་པའོ།། དམིགས་པ་རང་སྣང་དམར་པོ།། ཆགས་པས་ཡི་དགས་སྐྱེས་པའོ།། དམིགས་པ་འོད་ཟེར་དཀར་པོ་ལ།། ཆགས་པས་དམྱལ་བར་སྐྱེས་པའོ།། སྤྱིའི་མཚན་ཉིད
13a2 བསྟན་པ་ནི།། དུག་ལྔ་ཆགས་པའི་རྒྱུ་ཡིན་ཏེ། འོད་ལྔ་འབྱུང་བ་ལྔ་པོའོ།། རང་གི་མཚན་ཉིད་བསྟན་པ་ནི།། ལུས་ནི་འོད་ཟེར་ལྔ་ཁུར་འཕྲོ།། སྣ་ནི་འོད་ཟེར་སེར་པོར་འཕྲོ།། མིག་ནི་འོད་ཟེར་མཐིང་ཁར་འཕྲོ།། རྣ་བ་འོད་ཟེར་དཀར་པོར་འཕྲོ།། ལྕེ་ནི་འོད
13a3 ཟེ་པའོ།། དེ་ལ་ཆགས་ན་འགྲོ་དྲུག་ལ།། རོལ་པ་འགག་མེད་བསམ་མི་ཁྱབ།། སྒོ་ལྔ་གྲོལ་ན་འོད་ལས་གྲོལ།། རྣམ་ཤེས་གྲོལ་ན་རྒྱུད་ལས་གྲོལ།། ངོ་བོ་གྲོལ་ན་གཞི་ལས་གྲོལ།། སྒོ་ལྔ་ཟང་ཐལ་ཆེན་པོ་ཡིན་པ་ཡ་ཆ། རྣམ་ཤེས་རང་གྲོལ
13a4 ཡིན་པ་ཡ་ཆ།། དབྱེར་མེད་ཐིག་ལེ་བསམ་བྱ་མེན་པ་ཡ་ཆ།། ཅེས་གསུང་སོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། འགྲོ་དྲུག་དང་གྲོལ་ངོ་སྤྲང་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།།
13a5 ཉོན་ཅིག་དགའ་རབ་རྡོ་རྗེ་ཁྱོད།། ཐུབ་པ་དྲུག་གི་ངོ་སྤྲད་པ།། དབང་པོ་བརྒྱ་བྱིན་བྱ་བ་གྲུབ་པའོ།། ཐབས་བཟང་རིས་ནི་རང་རེག་ཡེ་སྷོ།། ཁྱུ་འབར་སོ་སོར་རྟོག་པའོ།། རྟ་མཆོག་སྟོང་ཉིད་ཡིས་སོ།། གླང་མགོ་མེ་ལོང་ཡེ་ཤེ་སོ།། དེ་ཡང་སྤྱིའི་མཚན་ཉིད
13a6 ཡིན་པ་ཡ་ཆ།། དབང་པོ་བརྒྱ་བྱིན་རང་ལུས་ཡིན་པ་ཡ་ཆ།། ཐགས་བཟང་ཡིད་དུ་སྣང་བ་ཡ་ཆ།། ཤཱ་ཀ་ཐུབ་སྣ་རུ་སྣང་བ་ཡ་ཆ།། ཁ་འབར་ལྕེ་རུ་སྣང་བ་ཡ་ཆ།། རྟ་མཆོག་མིག་ལ་གནས་པ་ཡ་ཆ།། གླང་མགོ་ཅན་རྣ་བ་ཡིན་པས་ཡ་ཆ།




iiif viewer powered by OpenSeadragon

12b - 13b

Texts on this page

Gbr006.33 - thig le 'dus pa'i phyi ma'i rgyud