e-texts navigator
Collection
Volume
Page
Wylie

12b1 ཤེས་དགའ་རས་རྡོ་རྗེ་ལ།། སྣང་བ་རྡོ་རྗེ་སེམས་དཔའོ།། ན་བ་ཀུན་རྒྱ་བཟང་པོ་ས།། རྣམ་ཤེས་དགའ་རབ་རྡོ་རྗེའོ།། དམན་རྡོ་རྗེ་སེམས་དཔའ་ལ། སྔ་ནི་ཀུན་ཏུ་བཟང་པོའོ།། རྣམ་ཤེས་དགའ་རབ་རྡོ་རྗེལ། དྲིན་རྡོ་རྗེ་སེམས་དཔའོ།། ལྕེ་ནི་ཀུནཿ།
12b2 བཟང་པོ་ལ།། རྣམ་ཤེས་དགའ་རབ་རྡོ་རྗེའོ།། རོ་ནི་རྡོ་རྗེ་སེམས་དཔའ་ལ།། ལུས་ནི་ཀུན་ཏུ་བཟང་པོའོ།། རེག་ནི་དགའ་རབ་རྡོ་རྗེ་ལ།། ཆོས་ནི་རྡོ་རྗེ་སེམས་དཔའོ།། ཡིད་ཀྱི་རྣམ་ཤེས་དགའ་རབ་རྡོ་རྗེ་ལ།། ཡུལ་ནི་རྡོ་རྗེ་སེམས་དཔའོ།། དབྱེར་མེད་ཀུན་ཏུ
12b3 བཟང་པོ་ལ།། ཡིད་ནི་དགའ་རབ་རྡོའོ།། རྣམ་ཤེས་རྡོ་སེམས་དཔའ་ལ།། དབྱེར་མེད་ཀུན་ཏུ་བཟང་པོའོ།། ཀུན་གཞི་ཀུན་ཏུ་བཟང་པོ་ལ།། རྣམ་ཤེས་དགའ་རབ་རྡོ་རྗེ་སྟེ།། ཡིད་ཀྱི་རྣམ་ཤེས་རྡོ་རྗེ་སེམས་དཔའོ།། སྒོ་ང་ཡིས་རྣམ་པ་ལྔ།། ལོང་སྐུའི་དེ
12b4 སྤོང་བསྟན་པའོ།། ཡིད་དང་ཡིད་ཀྱི་རྣམ་ཤེས་ནི།། སྤྲུལ་པ་སྐུའི་ངོ་སྤྲོད་བསྟན་པའོ།། ཀུན་བཞི་ཆོས་སྐུའི་ངོ་སྤོང་བསྟན་པའོ།། ཐཾད་རང་གི་འདུག་ཚུལ་ཡིན་པ་ལ།། སྣང་བ་ལ་སྒྲུབ་པ་ཡ་ཆ།། སེམས་ལ་རེ་བ་སྙིང་རེ་རྗེ།། ཅེས་གསུངས།།
12b5 ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས། ཀུན་ཏུ་བཟང་པོ་རྡོ་སེམས་དཔའ་དགའ་རབ་རྡོ།། སྟོན་པ་གསུམ་རང་ལ་ངོ་སྤྲད་པའི་ལེའུ་བཅུ་གཉིས་པའོ།། ། དེ་ནས་ཡང་དག་བཤད་བྱ་བ། ཉོན་ཅིག་རོ་ལངས་བདེ
12b6 པ་ཁྱོད།། འགྲོ་བ་རིགས་དྲུག་ངོ་སྤྲད་ནི་དམིགས་པའི་ཡུལ་དང་འཐུན་པ་ནི།། དམིགས་པའི་འོད་ཟེར་སེར་པོ་ལ།། ཆགས་པས་མི་ཡི་ལུས་སུ་སྐྱེ།། དམིག་པའི་འོད་ཟེར་ལྗང་ཁུ་ལ། ཆགས་པས་ལྷ་དང་ལྷ་མ་ཡིན།། དམིགས་པ་རང་སྣང




iiif viewer powered by OpenSeadragon

12a - 13a

Texts on this page

Gbr006.33 - thig le 'dus pa'i phyi ma'i rgyud