e-texts navigator
Collection
Volume
Page
Wylie

12a1 མེད་པའོ།། རང་གི་མཚན་ཉིད་འདི་ས་སྟེ། རྣབ་ཆོས་ཉིད་ཀུན་བཟང་ཕྱི།། རིག་པའི་ཤེས་རབ་ཀུན་བཡང་ནང་།། ཀྱེ་ནང་མེད་པར་ཤར་བ་ལ།། ཀུན་ཏུ་བཟང་པོ་གསང་བ་སྟེ།། གྱི་ཆོས་ཉིད་འདོད་པ་དེ།། ཀུན་བཟང
12a2 མཐོང་བ་མེད་པ་ཡ་ཆ།། མཐོང་བ་མ་ཡིན་རང་ཆས་ཡིན་པ་ཡ་ཆ།། ཐིག་ལེ་བར་མཚམས་མེད་པ་ཡ་ཆ།། ཅེས་གསུང་སོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས།། ཀུན་ཏུ་བཟང་པོ་ཕྱི་ནང་གསུམ་དུ་ངོ་སྤྲང་པའི་ལེའུ་སྟེ་བཅུ་པའོ།།
12a3 དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད།། རྡོ་རྗེ་སེམས་དཔའི་ངོ་སྤྲོད་བསྟན་པ་ནི།། ཕྱི་ནང་གསང་བ་གསུམ་དུ་ཤད།། ཕྱི་ལྟར་བཤད་པ་དེ་ཉིད་དོ།། ནང་དུ་རང་བྱུང་ཡེ་ཤེས་ལ།། གསང་བ་ཐིག་ལེ་རང་ཤར་རོ།།
12a4 ཕྱིའི་ཆོས་ལ་རྟོགས་སྤྱོད་པ།། དེ་ནི་ངའི་དོན་མི་རྙེད་པ་རང་གྲོལ་ཤེས་ནས་རྟོག་ས་ཡ་ཆ།། རང་གི་མཚན་ཉིད་ལྟ་བ་ནི།། རྟག་གི་ཡིས་སེམས་དཔའ་ཕྱི།། དོན་ནི་རང་རིག་ཡིས་ནང་།། བྱི་ནང་མེད་དེ་གསང་བའོ།། ང་ནི་རང་བྱུང་ཡིས་ཁྱོད་ཉིད་ཡིན་པ་ཡ
12a5 ཆ།། ཅེས་གསུངསོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ངོ་སྤྲོད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད།། རང་གི་མཚན་ཉིད་མ་ཤེས་ན།
12a6 སྤྱི་ཡི་དགོད་པ་འདུག་གེ་ན། འདུག་དང་སྤྱི་དང་ཁྱད་པར་མེད། མེད་ན་ཅིག་རྟོགས་ཀུན་ཀྱང་གྲོལ།། དེས་ན་རང་གི་མཚན་ཉིད་ལ།། ངོ་སྤྲོད་གསེར་ལ་ནགས་ཚུར་འདྲ།། དཔེར་ན་ནེས་ཚོས་ཆོས་བཤད་འདྲ།། མིག་ནི་ཀུན་ཏུ་བཟང་པོ་ལ།། རྣམ




iiif viewer powered by OpenSeadragon

11b - 12b

Texts on this page

Gbr006.33 - thig le 'dus pa'i phyi ma'i rgyud