| | e-texts navigator
|
11b1 པ་ཡ་ཎ།། ཅེས་གསུང་སོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས།། ཨ་ཏི་ལ་ངོ་སྤད་བའི་ལེའུ་སྟེ། བརྒྱད་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། དགའ་རབ་རྡོ་རྗེ་ཁྱོད་ཉོན་ཅིག། འཁྲུལ་པའི་གཞི་ལ་ངོ་སྤྲད་བསྟན་པ་ནི།།
11b2 ཐོག་མ་མེད་པ་དུས་ཀྱི་དཔྱིད།། བསྒྲུབ་རྩལ་མིང་ཡང་མ་གྲུབ་པའི་ཆོས་དབྱིངས་དམ་པ་ཟང་མེད་པའི།། རོལ་པ་འགག་པ་མེད་པ་ལས།། རང་ཤར་ཆེན་པོའི་སྟོན་པ་འཁྲུངས་པ་ཡ་ཆ།། རང་ཤ་ར་ཆེན་པོའི་སྟོན་པ་དེ།། རྣོན་པོའི་སྟོན་པ་ཞེས
11b3 གྲགས།། རིག་པ་རྣོ་ལ་སྤྱོད་པ་ཡ་ཆ།། འགྱུ་བ་ཐོལ་གང་སྟོན་པར་ཤར།། སྟོན་པ་འོད་བསྲུངསུ་སྐུ་འཁྲུངས་པ་ཡ་ཆ།། སྟོན་པ་འོད་སྲུངས་ཀྱིས་འོད་ཀྱི་བསླུས་པ་ཡ་ཆ།། འདོད་ལ་ཆགས་སྡང་སྐྱེས་པ་ཡ་ཆ།། འདོད་ལ་ཆགས་སྡང་འཁྲུལ
11b4 པའི་རྒྱུ་རུ་འཁྲུལ་པ་ལ་ཆ།། གཞི་འོད་གསལ་འགག་པ་མེད་པ་ཡ་ཆ།། འདོད་ལ་ཆགས་པས་ལུས་སུ་གྲུབ་པ་ཡ་ཆ།། སྐྱེ་མེད་རང་འོད་ལེན་པ་ལ།། དཀར་དམར་སྔ་རུ་སྡང་བ་ཡིས།། རུང་བ་མེ་ཏོག་ཕྱེ་ལེག་མེ།། རུ་རུ་སྨིག་རྒྱས་བསྐུ
11b5 པ་ཡ་ཆ།། ཅེས་གསུངསོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། འཁྲུལ་པ་འཁྲུལ་གཞི་ལ་ངོ་སྤང་བའི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་དག་བཤང་བྱ་བ།། ཉོན་ཅིག་རོ་ལངས་བདེ་བ་ཁྱོད།། ཀུན་བཟང་ངོ་སྤྲོད་བསྟ།
11b6 བ་ནི།། གྱི་ནང་གསང་བ་གསུམ་དུ་ངོ་སྤར།། ཅེས་གསུངསོ།། ཕྱིའི་ཀུན་བཟང་ངོ་སྤང་ལ།། གྲགས་པ་སྒྲའི་ཀུན་བཟང་ངོ་།། ནང་དུ་ཀུན་བཟང་ངོ་སྤྲད་པ།། རིག་པའི་ཡེ་ཤེས་ཁོ་ནའོ།། གསང་བའི་ཀུན་བཟང་ངོ་སྤྲང་པ།། ཐིག་ལེ་གཉིས་སཱ
iiif viewer powered by OpenSeadragon
11a - 12a