| | e-texts navigator
|
11a1 དངོས་མེད་གྲོལ། སེམས་ནི་དབུགས་ལ་རྟེན་ཏེ་མཆི།། རིག་པ་ཡིད་ལ་གནས་ཏེ་རང་བྱུང་ཤེས།། སྐྱེ་མཆི་མེད་པས་རང་བྱུང་ཡིན།། སེམས་ལ་སངས་རྒྱས་རེ་བ་ཕུང་པཱ་ཡཱ་ནཱ།། སེམས་ཀྱི་སྣང་བ་འབྱུང་བ་ཡིན་པས་ཡ།
11a2 ཆ།། འབྱུང་ལྔ་འཆགས་འཇིགས་ཡོད་པ་ཡ་ཆ།། རིག་པའི་སྣང་བ་འོད་ལྔ་ཡིན་པ་ཡ་ཆ།། འོད་ལ་ཐོགས་རྡུགས་མེད་པ་ཡ་ཆ།། སེམས་ནི་ཆགས་སྡང་ལྔ་ལ་རྟེན་པ་ཡ་ཆ།། རིག་པ་ཡིས་ལྔ་ལ་གནས་པ་ཡ་ཆ།། སེམས་ནི་སྐྱེ་འགག་ཡོད་པ་ཡ
11a3 རིག་པ་འདུ་འབྲལ་མེད་པ་ཡ་ཆ།། སེམས་ལ་ཡིས་ཟེར་ནས་བསྒྲུབ་པ་ཡ་ཆ།། བསྒྲུབས་པས་གོལ་བ་ཡ་ཆ།། སྤྱད་པས་འཆལ་པ་ཡ་ཆ།། སེམས་ལ་རྟེན་པ་ཡ་ཆ།། སེམས་ལ་རྟེན་པའི་འབྲས་བུ་ནི།། ཆགས་སྡང་ལྔའི་ངོ་བོ་སྟེ།
11a4 འགྲོ་དྲུག་རྒྱུ་ལས་ཐར་པ་ཡ་ཆ།། ཅེས་གསུངསོ།། ཐིག་ལེ་འདུས་པ་ཕྱི་མའི་རྒྱུད་ལས། སེམས་ཕྱོགས་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། དགའ་རབ་རྡོ་རྗེ་ཁྱོད་ཉོན་ཅིག།
11a5 ཨ་ཏིའི་དོན་ལ་ངོ་སྤྲད་པ།། ཨ་ནི་སྐྱེ་མེང་ཐིག་ལེ་ལ།། ཏི་ནི་འགྱུར་མེད་འོད་གསལ་བས།། ཨ་ནི་སྣང་ལུགས་ཆེན་པོ་སྟེ།། ཏི་ནི་ཆོས་ཉིད་སྣང་ལུགས་སོ།། སྣང་བ་འོད་གསལ་ཐོག་སྔགས་མེད།། རེག་པ་འགྱུར་མེད་རང་བཞིན་སྣང
11a6 སྐྱེ་མེད་རྟོགས་པའི་རྣམ་མ་ལ།། ངང་གིས་མ་བཅོས་ཆོས་བསྐུར་བཅོས།། རིག་པ་འགྱུར་མེད་ཏི་རུ་སྣང་།། སྐྱེ་བ་མེད་པས་ཨ་རུ་སྣང་།། ཏི་ནི་ཡིན་པར་གསལ་བ་ཡ་ཆ།། ཨ་ནི་སྐྱེ་བ་མེད་པ་ཡ་ཆ།། ཏི་ནི་འོད་གསལ་འགག་པ་མེད
iiif viewer powered by OpenSeadragon
10b - 11b