| | e-texts navigator
|
10b1 ཨ་ནུ་ཡོ་གའི་ངོ་སྤྲོད་ནི། རྡོ་རྗེ་སེམས་དཔའ་རང་རིགས་རྟོགས།། བརྩལ་དུ་མེད་པས་ཡུལ་ལས་གྲོལ།། འཛིན་པ་མེད་པས་སེམས་ལས་གྲོལ།། སྐྱེ་འགག་མེད་པས་རང་སར་གྲོལ།། ཕྱི་ནང་མེད་པས་ཐིག་ལེར་གསལ།། བྱ་ནང་མད་པས་ཐག་ལར
10b2 ཕྱི་ནང་མེད་པའི་ཐིག་ཡེ་ལ།། རིག་པ་རང་གྲོལ་གཉིས་སུ་མེད།། ཕྱི་ནང་མེད་པས་ཐིག་ལེ་ཆོས་མེན་ཏེ།། རྒྱུ་ལས་མ་བྱུང་ཡིས་གསལ།། ལུང་ལས་མ་བྱུང་འཛིན་པ་མེད་པ་ཡ་ཆ།། ཅེས་གསུངསོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས།།
10b3 ལུང་ཨ་ནུ་ཡོ་ག་ལ་ངོ་སྤང་པའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རོ་ལངས་བདེ་བ་ཆེན་པོ་ཉོན། རྫོགས་པ་ཆེན་པོའི་ངོ་སྤྲད་པ།། ཐིག་ལེ་འགག་མེད་མ་རྟོགས་ན།། རྣམ་པར་རྟོགས་པ་ངོ
10b4 མ་ཤེས།། ཡོན་ཏན་ཆེན་པོ་ངོ་སྤྲད་པས།། ཐམས་ཅད་རང་ལ་རྫོགས་པར་འདོད།། ཐིག་ལེ་བརྡལ་ཁྱབ་པོ་སྤང་པས།། སྐྱོན་དང་ཡོ་མ་ཏན་རྣམ་རྟོག་ནི།། ཐམས་ཅད་རང་ལ་རྫོགས་པར་འདོད།། སྒོམ་བྱ་སྒོམ་བྱེད་སུམ་འདོན་ཏེ།། སོས
10b5 སྐྱེ་བོར་གོལ་ཏེ་ཡ་ཆ། སྐྱོན་དང་ཡོན་ཏན་རྣམས་བརྟགས་ཏེ། སྐྱོན་ཡོན་བྱེ་བ་མེད་པས་ལུང་མ་བརྟན།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མ་ལས།། རྫོགས་པ་ཆེན་པོ་ལ་ངོ་སྤྲད་པའི་ལེའུ་སྟེ་དྲུག་པའོ།།
10b6 དེ་ནས་ཡང་དག་བཤད་བྱ་བ། ཉོན་ཅིག་རོ་ལངས་བདེ་བའ་ཆེན་པོ་ཁྱོད།། སེམས་ཕྱོགས་ངོ་སྤྲད་བསྟན་པ་ནི།། སེམས་ནི་ཆུ་དང་འདྲ་སྟེ་ཐམས་ཅད་བསྡུད།། རིག་པ་མེ་དང་འདྲ་སྟེ་ཐམས་ཅད་གཅོད།། ཤེས་རབ་རླུང་དང་འདྲ་སྟེ།
iiif viewer powered by OpenSeadragon
10a - 11a