| | e-texts navigator
|
10a1 ལ་ངོ་སྤྲད་པ་དང་།། ཨ་ཏི་ལ་ངོ་སྤྲད་པ་དང་།། འཁྲུལ་པ་ལ་ངོ་སྤྲད་པ་དང་།། འཁྲུལ་པ་བཞི་ལ་ངོ་ལ་སྤྲད་པ་དང་།། ཀུན་ཏུ་བཟང་པོ་ལ་ངོ་སྤྲད་པ་དང་།། རྡོ་རྗེ་སེམས་དཔའ་ལ་ངོ་སྤྲད་པ་དང་།། དགའ་རབ་རྡོ་རྗེ།
10a2 ལ་ངོ་སྤྲད་པ་དང་།། འགྲེ་བ་རིགས་དྲུག་ལ་ངོ་སྤྲད་པ་དང་།། ཐུབ་པ་དྲུག་ལ་ངོ་སྤྲད་པ་དང་།། སྦུབས་གསུམ་སྦྱིན་གསུམ་ལ་ངོ་སྤྲད་པ་དང་།། གྲོལ་བའི་དགོངས་པ་ལ་ངོ་སྤྲད་པ་དང་།། དེ་ནས་ཡང་དེའི་ཚེ་དེའི་དུས་ན། རོ་ལངས་བདེ་བ་རྗེ་སུ
10a3 ཡིད་རང་བ་བསྐྱེས་ནས།། ལེགས་པར་གདམས་པ་བསྟན་དུ་གསོལ།། ཅེས་ཞུསོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས། དགའ་རབ་རྡོ་རྗེ་ལ་ལུང་བསྟན་པའི་ལེའུ་སྟེ། གསུམ་པའོ།། ། དེ་ནས་ཡང་དག་བཤང་བྱ་བ
10a4 ལངས་བདེ་བ་ལེགས་པར་ཉོན།། སྒྲུབ་པ་མ་ཧཱ་ཡོ་ག་ལ་ངོ་སྤྲད་པ་བསྟན་པ་ནི། སྣང་ལ་རང་བཞིན་མེད་པ་སྒྱུ་མའི་སྐུ།། སྒྱུ་མའི་སྒྲ་དང་སྒྱུ་མའི་གསུང་།། རྒྱུ་མའི་ཐུགས་ལ་རོལ་པས་ན།། རྩལ་བ་མེད་པར་ལྷུན་གྱིས་གྲུབ། བྱི་དང་ནང་དུ
10a5 ཡེ་ཤེས་གསལ།། རྒྱུ་རྐྱེན་རྒྱུ་མ་ཡུལ་ལ་རོལ་པ་ཡ་ཆ།། རྡོ་རྗེ་སེམས་དཔའ་ཡི་དམ་ལྷ་མེད་པས།། རྡོ་རྗེ་སེམས་དཔའ་རྟོགས་པའི་གང་ཟག་ལ།། རྩོལ་གྲུབ་ཆོས་ལ་མ་རྟེན་པ་ཡ་ཆ།། རིག་པ་ཆོས་ལ་མ་རྟེན་རྒྱུ་མའི་སྐུ། འོད་ལ
10a6 དྲུག་མེད་པ་ཡ་ཆ། ཅེས་གསུངསོ།། ཐིག་ལེ་འདུས་པའི་ཕྱི་རྒྱུད་ལས། སྒྲུབ་པ་མ་ཧཱ་ཡོ་ག་ལ་ངོ་སྤྲད་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཡང་དག་བཤད་བྱ་བ། རོ་ལངས་བདེ་བ་ཆེན་པོ་ཉོན་ཅི
iiif viewer powered by OpenSeadragon
9b - 10b