| | e-texts navigator
|
9b1 འབྲས་བུའི་གནོབ་ཏུ་གཏུག་པའོ།། མན་ངག་གི་ཀློང་བརྟོལ་བ་ལ་གཉིས་ཏེ། ཡུལ་གྱིས་ཡིས་ཀྱི་ཀློང་རྟོལ་བ་དང་། ཡོན་ཏན་གྱི་སྐུའི་ཀློང་བརྟོལ་བ་དང་། ཡུལ་གྱིས་ཡིས་ཀློང་བརྟོལ་བ་དང་།། ཡིས་ལྔ་སྟེ་ད་ལྟ་བཞི་ལྡན་བྱ་བ་གྲུབ་པའི་ཡིས།།
9b2 ངརུང་མེད་དོ།། ཡོན་ཏན་གྱིས་སྐུའི་ཀློང་བརྟོལ་བ་ལ་གཉིས་ཏེ། གཞིའི་འདུག་ཚུལ་བསྟན་པ་དང་། གཞིའི་འདུག་ཚུལ་བསྟན་པ་ལ་གཉིས་ཏེ། ཡོན་ཏན་གྱི་རྣམ་གྲངས་བསྟན་པ་ལ་བརྒྱད་དོ།། སེམས་ཀྱི་གདར་ཤ་གཅད་ལ་གསུམ་ཏེ། ལྷག
9b3 མཐོང་རིག་པའི་ཡིས་ཀྱིས། མ་རིག་པ་གདར་ཤ་གཅད་པའོ།། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱིས།། ཐེ་ཚོམ་ཀྱིས་གདར་ཤ་གཅད།། ལམ་གྱིས་ཡཾས་ཀྱིས་གདར་ཤ་གཅད་པའོ།། མན་ངག་གིས་རྫོང་ཆེན་པོ་གསུམ་ལ།། འབྲས་བུའི་གཏེར
9b4 ཆེན་པོ་གསུམ་སྦསོ།། བྱང་ཆུབ་ཀྱི་སེམས་རྫོང་ལ། ཐིག་ལེ་ཉ་གཅིག་གི་གཏེར་སྦས།། ཐིག་ལེ་ཕྱི་ནང་གི་རྫོང་ལ་ཀུན་བཟང་རོལ་པའི་གཏེར་སྤྲས། ཡིད་ཀྱི་རྣམ་ཤེས་ཀྱི་རྫོང་ལ། རང་བྱུང་ཡིས་ཀྱི་གཏེར་སླ་སོ།། མཉམ་པ་ཆེན་པོ་མི་གཡོ་བའི
9b5 རྒྱས་ཏབ་བོ།། བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ། སློབ་དཔོན་ཆེན་པོ་རོ་ལངས་བདེ་བས།། ཆུ་བོ་ཆེན་པོ་ནྱ་རཉྫ་རའི་འགྲམ་ན།། ཤིང་ཆེན་པོ་གཞི་འདུས་པའི་གནས་སུ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་བཤེས་གཉེན་ལ
9b6 བཀའ་སྩལ་ཏོ།། རྡོ་རྗེ་རྩེ་མོ་འདུས་པ་ལས།། སྟོང་འཐུན་གྱི་མ་གཞི།། ཆུབ་ཤོས་ལ་མན་ངག་ཏུ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཐོག་མ་འདས་པའི
iiif viewer powered by OpenSeadragon
9a - 10a