e-texts navigator
Collection
Volume
Page
Wylie

9a1 ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྒྲིབ་པ་སྦྱང་དུ་མེད་དོ།། ཅི་སྟེ་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་དོ།། རྗེ་རྩེ་མོ་འདུས་པ་ལས།། རྡོ་རྗེ་སེམས་དཔས་རིན་པོ་ཆེ་ཟ་མ་ཏོག་སྐྲག་མའི་མན་ངག། ཐུགས་རྗེ་ཐུགས་ཀྱི་ཉིད་ཕྱུང་།
9a2 བའི་ལེའུ་སྟེ་དྲུག་པའོ།། ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ལ་ཕྱག་འཚལོ།། བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་ཉི་མ་ལ་བཞི་སྟེ། གཞིའི་གནས་ལུགས་བསྟན་པ་དང་། དེ་ལ་འཁྲུལ་པ
9a3 བའི་རྐྱེན་བསྟན་པ་དང་།། འཁྲུལ་པ་ཟློག་པའི་ཐབས་བསྟན་པ་དང་།། རང་གི་ངོ་བོ་ལམ་འབྲས་བུ་བཅས་པ་བསྟན་པའོ།། དེ་ལ་གནས་ལུགས་ལ་དྲུག་སྟེ། ཆོས་ཀྱི་སྐུའི་གནས་ལུགས་དང་། རང་བྱུང་ཡེ་ཤེས་ཆེན་པོའི་གནས་ལུགས་དང་། སྐུའི
9a4 གནས་ལུགས་དང་། གསུང་གི་གནས་ལུགས་དང་། ཐུགས་ཀྱི་གནས་ལུགས་དང་། དབྱིངས་ཀྱི་གནས་ལུགསོ།། རྐྱེན་བསྟན་པ་བཞི་སྟེ། བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པའི་རྒྱུད་ཀྱི་ཉིང་ཁུར་ལྟའོ།། འཁོར་བ་ཟློག་ན་གཞི་རྒས་ཟློག།
9a5 མ་རིག་པ་ཉིད་བཙད་ནས་གཅད།། རང་རིག་དང་པོའི་སོ་ལ་བཞག། ཅེས་འབྱུང་ངོ་།། དེའི་ས་བོན་ལ་བདུན་ཏེ། ཆོས་ཀྱི་མཐར་ཏུག། མན་ངག་གི་ཀློང་རྟོལ། སེམས་ཀྱི་གདར་ཤ་གཅད། ལམ་གྱི་ངོ་བསྟན། སྐྱོན་གྱི་མཐའ་གསལ། སྤྱོད་པའི་གད
9a6 དུ་བཞུགས།། འབྲས་བུ་མེད་པར་ཐག་གཅད་ངོ་།། དེ་ལ་ཆོས་ཀྱི་མཐར་གཏུག་པ་ལ་དྲུག་སྟེ། སྐུའི་ངོ་བོར་བཏུག་པ་དང་། དབྱིངས་ཀྱི་ངོ་བོར་གཏུག་པ་དང་། རྒྱུའི་ངོ་བོར་གཏུག་པ་དང་། ལམ་གྱི་སྟོབསུ་གཏུག་པ་དང་།། སྤང་བྱའི་རྒྱུར་གཏུག་པ་དང




iiif viewer powered by OpenSeadragon

8b - 9b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud