| | e-texts navigator
|
8b1 སྙིང་པོ་དོན་ལ་འགྱུར་བ་མེད།། རྡོ་རྗེ་ལྟ་བུའི་སྐུ་གཉིས་པ།། བཅོམ་ལྡན་རྡོ་རྗེ་དབྱིངས་མི་བསྐྱོད།། རང་བྱུང་ལྷུན་རྫོགས་སྐུ་གསུང་ཐུགས།། སྐུ་གཅིག་ཀུན་ཏུ་ཁྱབ་པའི་སྐུ།། ཉི་མའི་སྙིང་པོ་ལྟ་བུར་གནས།། ། མན་ཤེལ་ལྟ་བུར་རང་སྣང་བས།། སྣ།
8b2 བའི་བྱེ་བྲག་སྣང་མོད་ཀྱང་།། རང་གི་ངོ་འགྱུར་བ་མེད། ཀྱཻ་རྡོ་རྗེ་འཛིན་པ་ཉོན་ཅིག། རྣམ་པར་དག་པའི་སྐུ་བདེ་བ་ཆེན་པོ་ལ།། ཡེ་ཤེས་ཀྱི་གྲོགས་བྱར་མེད་དོ།། རང་རིག་པའི་ཡིས་དངོས་པོའི་མཐའ་ལས་འདས་པས།། ཉོན་མོངས་པའི་རྣམ
8b3 རྟོག་གིས་སྒྲིབ་ཏུ་མེད།། རང་གི་ངོ་བོ་ཤེས་བྱ་བབས་ཀྱིས་གྲུབ་པ་ལ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱི་བསྟོད་དུ་མེད་དོ།། ཀ་དག་པའི་ཡིས་རང་སྣང་བ་དང་། བསླད་པར་བྱ་བའི་ཆོས་མེད་དོ།། ཐབས་ཀྱི་རྒྱལ་པོ་སྟོབས་ཀྱི་རིག་པ་ཤར་བས
8b4 ཆེ་བའི་ཡོན་ཏན་གཞན་གྱིས་དཔག་ཏུ་མེད་དོ།། ཤེས་རབ་ཟབ་མོ་གཾ་གའི་རྒྱུན་བཞིན་མི་འཆད་པས། ཐུགས་རྗེ་ལ་དབྲི་བཀོལ་མེད་དོ།། རིག་པའི་ཡཾ་སུ་གསལ་བས།། དུས་གེ་སུམ་གྱི་སངས་རྒྱས་དང་མི་ཕྱེད་དོ།། སྙིང་རྗེ་སྣ་ཚོག་སུ་སྣང་བ
8b5 ཁམས་གསུམ་གྱི་སེཾན་དཔའ་བྲེལ་ལོ།། རྒྱུ་འབྱུང་བ་ཆེན་པོ་ལྔ་མ་སྤངས་གནསུ་དག་པས། སྣོད་བཅུད་ཀྱིས་གསོས་བྱསོ།། ཀྱཻ་རྡོ་རྗེ་འཇིམ་པ་ཉོན་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་མེད་དོ།། ཅི་སྟེ་ངན་སོང་གི་མཐའ་ལས
8b6 གྲོལ་བའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལམ་མེད་དོ།། ཅི་སྟེ་བཟོད་པར་བྱ་བའི་མཐའ་ལས་འདས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཚོགས་གསག་ཏུ་མེད་དོ།། ཅི་སྟེ་དངོས་པོའི་མཚན་མ་གང་ལ་ཡང་མི་གན་སོ།།
iiif viewer powered by OpenSeadragon
8a - 9a