e-texts navigator
Collection
Volume
Page
Wylie

8a1 སྐད་གཅིག་མའི་ཚུལ་དུ་འབྱུང་།། དེ་ཤེས་པས་ལྟས་པ་ལ།། སྐད་ཅིག་མ་ཡིས་ཤེས་པ་འབྱུང་།། དེ་ལ་སེམས་ཀྱི་རྣམ་པ་འབྱུང་།། སྐད་ཅིག་མ་ཡིས་རྣམ་པ་དེ།། གཅིག་འགག་ཅིག་སྐྱེ་གཅིག་གནས་པས།། སྐད་གཅིག།
8a2 ཕྱི་མ་སྐྱེ་བ་དེ།། ནམ་མཁའ་སྟོང་ལ་སྤྲིན་ལངས་ཚུལ།། དེ་ལས་བདག་ཏུ་སྣང་བའི་བློས།། ཅུང་ཟད་འཁྲུལ་པའི་རྐྱེན་བཞིར་ཤར།། ཡིས་སྣང་བའི་བཞི་ལ་ཐིམ།། དེ་ནས་བར་གྱི་བསྐལ་པ་ལ།། ཡེ་ཤེས་ཆེའོ་ལུང་མ་བསྟན།། ཡིས་ཀྱི་སྣང་བ་ནང་དུ
8a3 ནུབ་སྟེ་འཆར་མི་ནུ་སོ།། འཁྲུལ་པའི་རྟོགས་པ་ཡང་སྐྱེ་མ་ནུས་སོ།། དེ་གནས་པའི་དུསུ་རྡོ་རྗེ་མེ་བསྐྱོད་པ་ཞེས་བྱ་སྟེ། རིག་པ་རང་གི་སོ་ལ་གནས་སོ།། ཡེ་ཤེས་བག་ལ་ཞའོ།། བསྐལ་པ་བར་མ་ལ་སྣོད་ཀྱི་འཇིག་རྟེན་ཆག་སོ།། དེ་ནས་བསྐུ
8a4 པ་ཐ་མ་ལ།། སྐྱེ་བ་རྣམ་པ་བཞིའི་སྲིད་པ་ཆག་སོ།། གཟུགས་ཀྱི་བྱེ་བྲག་སོ་སོར་ཐ་དད་ཆགས་ཀྱང་།། རྡོ་རྗེ་མི་སྤྱོད་པ་ཅི་ལ་གནས་སོ།། མི་སྐྱོད་པ་མ་བགོས་པ་ཅི་ལ་གནས།། མ་དགོས་སོ་སོར་ཁྱབ་བོ།། རང་གི་ངོ་བོ་སངས་རྒྱས་འོད་བསྲུང
8a5 ཆེན་པོར་སྐུ་སྤྲུལ་ནས། སངས་རྒྱས་དང་སེམས་ཅན་རྒྱབ་གྱེས་ཏེ། བསྟན་པ་ལ་གནསོ།། ཐོག་མའི་སངས་རྒྱས་འོད་ཀྱི་སྐུ་རུ་སྣང་། བར་གྱི་སངས་རྒྱས་ན་མཁའཿལྟ་བུར་སྣང་།། ཕྱིས་འབྱུང་གི་སངས་རྒྱས་གཟུགས་ཀྱི་སྐུར་གན་སོ།།
8a6 དེ་རྣམས་ཀྱང་ངན་སོ་སོ་ཐ་མི་དད་དོ།། གྱི་སྣོད་འཇིག་རྟེན་འབྱུང་བ་ལྔར་བཅས་པ།། དང་པོ་འོད་དཔག་ཏུ་མེད་པ་ལས་བྱུང་།། མི་བསྐྱོད་པའི་བསྐལ་པ་ལ་ཆག་སོ།། འོད་སྲུངས་ཀྱི་བསྐལ་པ་ལ་གནསོ།། བསྐལ་པ་གསུམ་དུ་གནས་མོད་ཀྱང་།




iiif viewer powered by OpenSeadragon

7b - 8b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud