| | e-texts navigator
|
7b1 མམཁའ་ལྟ་བུའི་ཡིས་སྐུ།། སྐུ་གཞི་འདུས་པའི་འཇམ་དཔལ་ནི།། ཐེག་པ་ཀུན་གྱི་སྙིང་པོ་ཡིན།། འགྲོ་བ་ཀུ་ལ་རང་བཞིན་གནས།། ལུང་ལྡན་སྐྱེས་བུ་དམ་པ་དེ།། ལེས་གཞི་ལ་རྟགས་སྤྱོད་ན། བདུད་བཞི་རྣམ་པར་དག་པའི་ལམ།། འཇམ་དཔལ་ཡིས
7b2 འདྲདུས་པ་ཡིན།། འཇམ་དཔལ་དྲི་མེད་ཡིས་སྐུ།། རང་བྱུང་ལྷུན་གྱིས་གྲུབ་པའི་ཕྱིར།། སྒོམ་པའི་ཚིག་དང་བྲལ་བ་ཡིན།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པས།། སྤྱོད་པའི་མཐའ་དང་བྲལ་བ་ཡིན།། སྙིང་པོ་རང་ལ་རྫོགས་པའི་ཕྱིར།། གྲུབ་པའི
7b3 མཐའ་དང་བྲལ་བ་ཡིན།། རྡོ་རྗེ་རྩེ་མོ་འདུས་པ་ལས། བཅོམ་ལྡན་འཇམ་དཔལ་ཡིས་འདུས་པ་ལས། རིན་པོ་ཆེའི་སྤྱི་བཅིངས་ལྟ་བུར་བསྟན་པའི་ལེའུ་སྟེ། ལྔ་པའོ།། ། བསྐལ་པ་དང་པོའི་སངས་རྒྱས
7b4 འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ།། བསྐལ་པ་གསུམ་གྱི་སངས་རྒྱས་ནི།། རང་རིག་མ་བཅོས་དེ་བཞིན་ཉིད།། ཐོག་མར་ཡིས་རང་བྱུང་བས། རྒྱུ་མེད་མྱུ་གུ་མེ་ཏོག་འབྲས།། རྟེན་མེད་མཁའ་ལ་ཉི་སྣང་ཚུལ།། ཡིས་ལྔའི་གཟུགས
7b5 བརྙན་ཅན། གས་མེད་གནས་ལ་འོད་གསལ་བ། རང་བཞིན་རྣམ་དག་རྟོགས་མེད་སྐུ།། འཛིན་རྟོག་མི་མངའ་ས་ལེ་མཁྱེན།། མ་བཙལ་ལྷུན་གྱིས་གྲུབ་པའི་འོད།། དཔག་མེད་གསལ་བའི་ངོ་བོར་གནས།། མི་འབྱེད་ཤེས་རབ་འོང་གས།
7b6 བ།། སྣང་ལ་དངོས་མེད་འཇའ་ཚོན་སྐུ།། འགག་མེད་མི་གཡོ་བདེ་ལྡན་ཐིམ།། དེ་ཉིད་ཡེ་ཤེས་རང་བྱུང་སྐུ། རང་བཞིན་ལྷུན་གྱི་གྲུབ་པའི་སྐུ།། དེ་ནས་རིག་པའི་ངོ་བོ་ནི།། འགག་པ་མེད་པའི་ཡིས་ཀྱིས།། འགྱུ་བ་མེད་ལས་འགྱུབ་ཡང་།།
iiif viewer powered by OpenSeadragon
7a - 8a