| | e-texts navigator
|
7a1 བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་འདུས་པ་ལ་ཕྱག་འཚལོ།། མན་ངག་འདུས་པའི་སྤྱི་བཅིངས་འདི།། སངས་རྒྱས་ཀུན་གྱི་དགོངས་པ་སྟེ། རྣལ་འབྱོར་ཀུན་གྱི་ཐུགས་ལ་གནས།། མན་ངག་འདུས་པའི་ཏནྟྲ་ཡིན།། ཚིག་པ
7a2 འབྲུ་གཉེར་དཀྱུས་བཙན་ཏེ།། སྐུ་ཡི་རྒྱུད་དུ་ཤེས་པར་བྱ།། ཡང་དག་དོན་གྱི་སྤྱི་བཅིངས་འདི།། འཇམ་དཔལ་ཡིས་འདུས་པ་ཡིན།། མགོན་པོ་དྲི་མེད་ཡེ་ཤེས་སྐུ།། སྐུ་འཇམ་གསུང་འཇམ་ཐུགས་འཇམ་སྟེ། སྐུ་ནི་ཡཾས་སྒྱུ་མའི་སྐུ།། གདོས་པའི
7a3 མཐའ་དང་བྲལ་བས་འཇམ།། ། གསུང་ནི་བརྗོད་དུ་མེད་པའི་གསུང་། ཚིག་དང་ཡི་གེའི་མཐའ་ལས་འདས།། ཐུགས་ནི་དྲན་རྟོགས་མེད་པའི་ཐུགས།། གཞི་ལ་རང་བཞིན་མེད་པས་འཇམ།། སངས་རྒྱས་ཡེ་ཤེས་སྐུ་ཡིས་མཆོག། མགོན་པོ་དྲི་མ་མེད་པ
7a4 ཡིན། མགོན་པོ་དྲི་མེད་ཡེ་ཤེས་སྐུ། སངས་རྒྱས་ཀུན་གྱི་སྙིང་པོ་འདུས།། འཁོར་བའི་རང་བཞིན་མེད་པས་ན།། འཇམ་དཔལ་ཡིས་འདུས་པ་ཡིན།། བརྗོད་དུ་མེད་པའི་དོན་ཤེས་ན།། འཇམ་དཔལ་ཡིས་འདུས་པ་ཡིན།། སངྱས་མེད་པའི
7a5 དོན་ཤེས་ན།། འཇམ་དཔལ་ཡིས་འདུས་པ་ཡིན།། ཆོས་ལ་བློ་ནི་མི་གནས་ན།། འཇམ་དཔལ་ཡིས་འདུས་པ་ཡིན།། ཅེས་འཇམ་དཔལ་ཡིས་འདུས་པས་བཀའ་སྩལ་ཏོ།། དེ་ནས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞུས་པ།
7a6 ལེག་སོ་བ་ལྡན་མགོན་པོ་ཆེ།། བྱམས་པའི་ཐུགས་རྗེ་མ་བྲལ་བས།། ས་གཞི་ལྟ་བུའི་ཡིས་སྐུ།། སྙིང་རྗེ་ཐུགས་རྗེ་མ་བྲལ་བྲལ་བས།། ཆུ་བོ་ལྟ་བུའི་ཡི་སྐུ།། དགའ་བར་བྱེད་པའི་ཡེ་སྐུ། ཉིཟླ་ལྟ་བུའི་ཡཾ་སྐུ།། བཏང་སྙོམས་ཐུགས་རྗེ་མ་བྲལ
iiif viewer powered by OpenSeadragon
6b - 7b