e-texts navigator
Collection
Volume
Page
Wylie

6a1 རིན་པོ་ཆེ་སྒྲོལ་མ་སྣང་བྱེད་དུ་ཤེས་པར་བྱའོ།། ནང་ལྟར་བཤང་པ་ལ་ཡང་གཉིས་ཏེ། ནང་གི་ཕྱི་དང་ནང་གི་ནང་ངོ་།། ནང་གི་ཕྱི་ཀྲི་དྲང་དོན་དུ་བསྟན་ཏོ།། ནང་གི་ནང་ལ་དོན་ལྔས་བསྟན།། གསེར་མིག་ནས་དུས་སྙམ་བདུན་པ་ཡན
6a2 ཆད། མན་ངག་གི་ཐུགས་ཀྱི་རྒྱུད་དམ་པར་ཁོང་འབྲེལ་ལོ།། རང་རེའི་བསྐོར་ཚོམས་དང་འཁྲུལ་འདོད་ནི་དཀྱུས་བཙན་དཔེ་ཆུ་དང་སྦྱར་ལ་ཤེས་པར་བྱའོ།། དེ་བཞིན་དུ་གསང་བསྐོར་ཀྱང་ཤེས་པར་བྱའོ།། དོན་གྱི་མམན་ངག་ཁོང་འགྲེལ། གསང
6a3 བར་བསྟན་པ་ལ་དོན་བདུམ་གྱིས་བསྟན་ཏེ། དེ་ཡང་སྟོན་ལུགས་གསུམ་ཏེ་རྒྱས་པར་བསྟན་པ་དང་།། བསྡུས་ཏེ་བསྟན་པ་དང་། ཤིན་ཏུ་ཡང་བསྡུས་ཏེ་བསྟན་པའོ།། དེ་ཡང་བསྡུས་པ་ནི་རཀྱུ་སུ་བཤད། བསྡུས་པ་ནི་དཔེ་ཆུང་ངུ་བཤད
6a4 ཤིན་ཏུ་བསྡུས་པ་ནི་ལུང་གསེར་གྱི་ཕུར་པར་བསྟན་ཏོ།། དེ་ལ་དོན་བདུན་གྱི་བསྟན་པའི་དང་པོ་རྒྱས་པར་བསྟན་པ། རྡོ་རྗེ་སེམས་དཔའ་གཞིའི་གནས་ལུགས་ཀྱིས་འཁོར་བ་ཐོག་མཐའ་གཙང་།། རིན་པོ་ཆེ་ཟ་མ་ཏོག་སྦག་མས་ཐོག་མའི
6a5 སངས་རྒྱས་ངོ་སྦྲང་། ལྟ་བ་ཁ་འཇམ་གྱི་རྒྱལ་པོས་གཉའ་མནན། རིན་པོ་ཆེ་སྐྱི་བཅིངས་ཀྱི་དོན་ཉམ་སུ་བླང་། པདྨ་འཁྱིལ་བའི་དཔེ་ཆུང་ཉི་ཤུ་རྩ་གཅིག་གིས་དོན་མན་ངག་ཏུ་བསྡུས། ལུང་གསེར་གྱི་ཕུར་པས་ཚིག་དང་ཡི་གེའི་མཐའ
6a6 གཅད། མདོ་རྣམ་པ་གཉིས་ཀྱི་ལས་ཀྱི་མཐའ་བསྡུའོ།། བྱང་ཆུབ་སེམས་པདྨ་འཁྱིལ་བའི་རྒྱུད་ཀྱི་རྩ་བ་མདོར་བསྡུས་ཏེ་བསྟན་པའོ།། རྡོ་རྗེ་རྩེ་མོ་འདུས་པ་ལས། སློབ་དཔོན་དགའ་རབ་རྡོ་རྗེས་མུན་པའི་སྒྲོལ་མེ་བསྟན་པའི་ལེའུ་སྟེ།




iiif viewer powered by OpenSeadragon

5b - 6b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud