| | e-texts navigator
|
5b1 ཏིང་ངེ་འཛིན་གྱིས་ཉན་ཏོ།། དེ་ནས་འོག་མིན་གྱི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ།། རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱིས།། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། བཤད་ཀྱང་ས་མ་ཏིས་བཤད། ཉན་ཀྱང་ས།
5b2 མ་ཏི་ས་ཏིས་ཉན། དེ་ནས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ལྕང་ལོ་ཅན་གྱི་ཕོ་བྲང་དུ་སྤྲུལ་པའི་སྐུ་སངས་རྒྱས་འོད་བསྲུངས་ལ་འཆི་མེད་རྡོ་རྗེའི་ལུང་བསྟན་ནས། དུས་གསུམ་གྱི་སངས་རྒྱས་དང་གཉིས་སུ་མེད་པར་བཞུགསོ།།
5b3 པཎྜི་ཏ་ས་བརྡའ་སྒོམ་ནས་བསྟན་པ་ལ་ཡང་གསུམ་ཏེ། བརྡའ་དང་སྒྲའི་སྒོ་ནས་བསྟན་པ་དང་། ངག་དང་ཏིངེ་འཛིན་གྱི་སྒོ་ནས་བསྟན་པ་དང་། ཤེས་རབ་དང་རང་རྒྱུད་ཀྱི་སྒོ་ནས་བསྟན་པའོ།། བརྡའ་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་དང་།
5b4 སྒྲ་རྣམ་པ་དྲུག་གི་སྒོ་ནས་བསྟན་པ་དང་། ངག་འཇམ་པའི་སྒོ་ནས་བསྟན་པ་དང་། ཏི་ངེ་འཛིན་མ་འགག་པའི་སྒོ་ནས་བསྟན་པའོ།། ཤེས་རབ་ནི་ཐེག་པ་ཐངས་ཀྱི་སྒོ་ནས་སྟོན་པ་ཡིན་ནོ།། རང་རྒྱུད་ནི་གདམས་པའི་སྒོ་ནས་བསྟན་པའོ།།
5b5 དེ་ནས་བོད་ཀྱི་དགེ་བའི་བཤེས་གཉེན་སྐྱེས་ཆེན་ཁྱད་པར་ཅན་གང་ཟག་སེམས་དང་ཆོ་སུ་འདྲེས་པ་རྣམས་ཀྱིས་བཤད་པ་ལ་ཡང་སྤྱི་དོན་གསུམ་ཏེ། ཕྱི་ནང་གསང་བ་གསུམ་དུ་བསྟནོ།། དེ་ལ་ཡང་ཕྱི་ལ་གསུམ་ཏེ། ལུང་དུཀྱུ་སུ་བཤད་པ
5b6 དང་། ལུང་མན་ངག་ཏུ་བཤད་པ་དང་། མན་ངག་མན་ངག་ཏུ་བཤད་པའོ།། དེ་ཡང་ཀླུ་སུ་བཤད་པ། སྐྱེ་ཙན།། ལུང་མན་ངག་ཏུ་བཤད་པ་ནི། སྐབས་གཞི་པ་དང་། མན་ངག་མན་ངག་ཏུ་བཤད་པ་ཡོངསུ་རྫོགས་པའི་སྐབས། གཅིག་པ
iiif viewer powered by OpenSeadragon
5a - 6a