e-texts navigator
Collection
Volume
Page
Wylie

5a1 ནས་བསྟན་ནོ།། དོན་དེ་ཐུགསུ་ཆད་པར་བྱ་བ་ནི་བྱང་ཆུབ་སེམས་དཔའ་པདྨ་འཁྱལ་པའི་དབུ་ཞབས་ནས་བཞུགས་ཏེ། དེ་ཡང་བྱང་ཆུབ་སེམས་རྡོ་རྗེ་རྩེ་མོས་དགྲོལ་བར་བྱའོ།། མན་ངག་གི་རྒྱུད་གསུམ་གཏན
5a2 ལ་དབབ་ཅིང་ཡིད་ཆེས་པར་བྱ་བའི་ཕྱེད་དུ།། གདམས་པའི་རྒྱུད་བཅུ་དྲུག་གིས་བསྟན་ནས་བཤད་པའི་རྒྱུད་གཉིས་ཀྱིས་འཐོན་སྨན་ཀློང་དུ་ཁུང་མཉམས་ཏེ། གདམས་པའོ།། དེ་ལ་པདྨ་འཁྱིལ་བའི་རྒྱུད་ནི་རིན་པོ་ཆེ་གཙར་ལ་རྒྱུས་པ་བཞིན་དུ
5a3 བཤད་དོ།། རྡོ་རྗེ་འདུས་པའི་རྒྱུད་ནི་གྱི་གླིང་སྒྲོགས་དཀྲོལ་བ་འམ། རིན་པོ་ཆེ་བང་མཛོད་ཀྱི་སྒོ་ལྕགས་བཀྲོལ་བའི་ཚུལ་དུ་བཤད་དོ།། རིན་པོ་ཆེ་སྤུངས་པའི་རྒྱན་ནི། ཁྱུང་ན་མཁའ་ལྡིང་བའི་ཚུལ་དུ་བཤད།། བསོད་ནམས་དམ་པ་བརྩེམ
5a4 བའི་རྒྱུད་ནི། མཆོད་རྟེན་གྱི་ཁྲི་འཕངས་ཀྱི་ཚུལ་དུ་ཡང་བཤད་དོ།། མཁའ་སངས་ཉི་མའི་རྒྱུད་ནི། ནམ་མཁའ་དང་ཉི་མའི་ཚུལ་དུ་བཤདདོ།། སངས་རྒྱས་ཀྱི་རྒྱུད་ལྔ་པོ་འདི་ནི།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་བཀའ་སྩལ་ནས
5a5 པཎྜི་ཏ་དགའ་རབ་རྡོ་རྗེས་དབུ་ཞབས་ཀྱི་དོན་བསྡུས་པ་ནི། པདྨོ་འཁྱིལ་བ་ཅེས་གདམ་སོ།། བྱང་ཆུབ་ཀྱི་སེམས་མུན་པའི་སྒྲོལ་མ་འདི་ལ་དབུ་ཞབ་སུ་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། སངས་རྒྱས་དགོངས་པས་རྒྱུད་པ། རིགས་འཛིན
5a6 བརྡའ་ཡི་རྒྱུད་པ། གང་ཟག་རྣ་བས་རྒྱུད་པ་གསུམ་ལས། དང་པོ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སངས་རྒྱས་འོད་མི་འགྱུར་བས། ལོང་སྤྱོད་རྫོགས་པའི་སྐུ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ། བཤད་བཀྱང་ས་མ་ཏིས་བཤད།། ཉན་ཀྱང




iiif viewer powered by OpenSeadragon

4b - 5b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud