e-texts navigator
Collection
Volume
Page
Wylie

4a1 པས་བཀའ་སྩལ། ཏོ།། སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་དགོངས་པ། སེམས་ཅན་གྱི་གཞི་ལ་གནས་པའི་ཕྱིར།། ཀླུའི་རྒྱུད་པདྨོ་འཁྱིལ་པ་བསྟན།། བླ་མའི་མན་ངག་ཀྱུས་སུ་སྦྱར་བའི་ཕྱིར།། གསུང་གི་རྒྱུད
4a2 རྡོ་རྗེ་རྩེ་མོ་འདུས་པ་བསྟན། སངས་རྒྱས་ཀྱི་དགོངས་པ་ལ་ཟླ་བའི་ཕྱིར།། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་བརྒྱན་བསྟན།། མ་འོངས་པའི་སེམས་ཅན་ཡིད་ཆེས་པར་བྱ་བ་དང་། སངས་རྒྱས་ཀྱི་དགོངས་པ་ཉིད་ནས་ཉིད་དུ་བསྟན་པ
4a3 ཕྱིར། ཡོནྡ་གྱི་རྒྱུད་བསོད་ནམས་བྱམས་པའི་རྩེགས་པ་བསྟན། སེམས་ཅན་རྣམས་ལ་འབྲས་བུའི་དོན་བསྟན་པ་རྒྱས་པར་བྱ་བའི་ཕྱིར།། འཕྲིན་ལས་ཀྱི་རྒྱུད་ཉི་མ་བསྟན། སྤྱིར་སངས་རྒྱས་ཀྱི་གསུང་བའི་རྒྱུད་ལྔ་ལ། སྒོ་བརྩེ་གསུ་ཕྱེ
4a4 བའི་དཔེ་ཆུང་ཉི་ཤུ་རྩ་གཅིག་ཏུ་ཆེ་སྟེ་བསྟན་ནོ།། སྤྱིར་རྒྱུད་ཉི་ཤུ་རྩ་གཅིག་ལ། མན་ངག་གི་རྒྱུད་གསུམ། གདམས་པའི་རྒྱུད་བཅུ་དྲུག། བཤད་པའི་རྒྱུད་གཉིས་ཏེ་ཉི་རྩ་གཅིག་གོ།། བྱང་ཆུབ་སེམས་པདྨ་འཁྱིལ་པའི་རྒྱུད་འདི་ནི་རྒྱུད་ཀྱང
4a5 ཡིན། ལུང་ཀྱང་ཡིན། མན་ངག་ཀྱང་ཡིན། ནོ་བི་ཀ་ཡང་ཡིན་ནོ།། ཀུན་ཏུ་བཟང་པོ་རྩ་བའི་རྒྱུད་ཆེན་པོ་ཡི་གེ་མེད་པའི་རྒྱུད་ནས་གསུངསོ།། གང་ཟག་གི་རྣ་བ་ནས་རྣ་བར་རྒྱུད་པས་ལུང་ཡང་ཡིན་ནོ།། རྒྱུད་དེ་ལྟ་བུ་སྟོན་པའི་ཞལ་ནས་གསུངས
4a6 པའི་ལུང་བསྟན་པ་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ནོར་བར་བྲིས་ཏེ་ཕྱིས་འབྱུང་བ་རྣམས་ལ་བསྟན་པས་ལུང་ཡང་ཡིནོ།། ལུབདེ་གང་ཟག་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་བྱེད་པས། མམ་ངག་ཀྱང་ཡིན་ནོ།། མནངས་དེ་སྤྱོད།




iiif viewer powered by OpenSeadragon

3b - 4b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud