e-texts navigator
Collection
Volume
Page
Wylie

3b1 འགྱུར། འགྱུར་བ་མེད་པ་ན་མཁའི་ལུང་གིས་ཆེའ་བའོ།། སྟོན་པའི་ཞལ་ནས་གསུང་བའི་ཚིག་འབྲུ་གཉེར་ལེགས་ཤིང་དོན་དེ་བཞིན་ཉིད་ལས་མི་འགྱུར་བས། ལུང་གི་ཆེ་བའོ།། མི་ལས་ཁྱད་པར་དུ་གྱུར་པ་དགའ་རབ་རྡོ་རྗེའི་དོན་དུ། སྟོན་པའི།།
3b2 ཞལ་ནས་ཨུད་པ་ལས་ལུང་མ་ནོར་བ་རིན་པོ་ཆེ་གསེར་གྱི་གླེ་བྲྀ་ལས་བཻ་དཱུརྱའི་ཞུན་མས་རང་ནན་དུ་བྲིས་པས་ལུང་གི་ཆེ་བའོ།། བསྐྱེད་རྫོགས་རྣམ་པ་གསུམ་ལོ་མ་དང་འབྲས་བུ་ཐ་མི་དང་དུ་བསྟན་པས།། གསང་སྔགས་མཐའ་དག་གི་ལུང
3b3 འདུས་པ་ལུང་གིས་ཆེ་བའོ།། མན་ངག་ཡིན་པའི་ཕྱིར།། མན་ངག་གིས་མཛོད་གསུམ་གྱིས་བསྟན་ཏེ། སྐུའི་རྒྱུད་ནས་སྐུ་རིན་པོ་ཆེ་བྲ་བའི་མཛོད་བྱུང་སྟེ། འཁོར་བ་ཐོག་མཐའ་གཅད། གསུང་གི་རྒྱུད་ནས་གསུང་རིག་པའི་ཁུ་བྱུག་བྱུང་སྟེ།
3b4 ཡི་གེ་དང་ཐུག་སུ་སྤྲས། ཐུགས་ཀྱི་རྒྱུད་ནས་ཐུགས་ནོར་བུ་རིན་པོ་ཆེ་དྲི་མ་མེད་པའི་རྒྱུད་བྱུང་སྟེ། ཆོས་མེད་པའི་ཆོས་ལ་བཞག་གོ།། སྐོམ་པ་དགའ་རབ་རྡོ་རྗེ་ངས། རྡོ་རྗེ་སེམས་དཔའི་ཐུགས་བརྟོལ།། སྐྱེ་བ་མེད་རྒྱུད་ཆེམ་ལྔན། ཕྱི་རབ
3b5 འབྱུང་བའི་དོན་དུ་རྒྱུད། འཇམ་དཔལ་གཞོ་ནུ་ཁྱོད་ལ་གཏད་།། གཅིག་ལས་གཉིས་སུམ་སྤེལ་བར།། བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ།། རྡོ་རྗེ་སེམས་དཔའི་རྒྱ་ཡི་ཐོབ།། འཆི་ཀ་མའི་གསང་གཏེར་འདི།། རང་གི་རྒྱུད་ལས་གཞམ་དུ
3b6 མེད།། མེད་པ་མ་ཡིན་ལུང་གིས་གྲོལ།། དཔལ་ལྡན་མགོན་པོ་དྲི་མེད་ཀྱིས།། ཐུགས་ཀྱི་ཀློང་ནས་རྒྱུད་ལྔ་གསུངས།། སངས་རྒྱས་ལྔ་ཡི་རྒྱུད་དུ་བཞག། ཉོན་མོངས་ལྔ་དང་འབྱུང་བ་ལྔ།། ཡེ་ནས་རྣམ་པར་དག་པའི་ཕྱིར།། རྡོ་རྗེ་འཛི




iiif viewer powered by OpenSeadragon

3a - 4a

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud