| | e-texts navigator
|
2b1 འདས། ཥ་ནི་སངས་རྒྱས་ཀུན་གྱི་ཐུགས་ཀ་དྲན་རྟོག་མེད་པས་མྱ་ངན་འདས། ང་ནི་ཡོ་ནྟན་དཔག་མེ་སྐུ།། ནོར་བུ་རིན་ཆེན་དྲི་མེད་མཉམ།། ང་ནི་འཕྲིན་ལས་མཐར་ཕྱིན་སྐུ། འགྲོ་བའི་མགོན་པོ་དེ་བཞིན་གཤེགས།། དེ་ནས་འདུས་པའི་ཚོཊ།
2b2 རྣམས་ཀྱིས།། རང་རང་རིགས་ཀྱི་རྒྱུད་ཤེས་པས། མགྲིན་གཅིག་ཐལ་མོ་མཉམ་སྦྱར་ནས།། ལེགསོ་དཔལ་ལྡན་མགོན་པོ་ཆེ།། ལེགསོ་ལེགསོ་དེ་ལེག་སོ།། དྲི་མ་མེད་པའི་རྒྱུད་ཆེན་ལྔ།། སངས་རྒྱས་ཀུན་གྱི་ཐུགསུ་ཆུད། འགྲོ་བའི
2b3 མགོམ་པོ་དེ་བཞིན་གཤེགས།། འདུས་པའི་ཚོགས་རྣམས་དབུགས་འབྱིན་ནས།། ལེ་གསོ་ཤེས་རབ་དྲི་མ་མེད།། གཅིག་ཏུ་གསུངས་པས་དོན་ཤེས་ནས།། ཡིས་ལྔ་ཡི་མཚན་ཉིད་འཛིན།། ཆེན་པོ་ལྔ་ཉིད་ཀུན་སངས་རྒྱས།། མགོན
2b4 པོ་ཡིས་དྲི་མེད་སྐུ། རྣམ་དག་གསུང་གི་ཏནྟ་ལ།། གསལ་བའི་སྒྲོལ་མ་བསྟན་པ་ཡིན།། རིན་ཆེན་དྲ་བའི་སྒོ་མོ་ལ།། འབྱེད་པའི་སྡེ་མིག་བསྟན་པ་ཡིན།། རིན་ཆེན་སྤྲས་པའི་རྫོང་ཆེན་ལ།། གནས་པའི་རང་ས་བསྟན་པ་ནི།
2b5 ནོར་བུ་དྲི་མ་མེད་པའི་རྒྱུད།། མགོན་པོ་ང་ཡཱི་བསྟེན་པ་ཡིན།། དེ་ཕྱིར་མགོན་པོ་དྲི་མེད་དང་།། མི་གྲནས་ཤེས་ཕ་རོལ་ཕྱིན།། རྡོ་རྗེ་འཛིན་པ་ང་ལ་ཉོན།། ཆོས་ལ་ཕ་རོལ་ཕྱིན་པ་ལྔ་ལ་ཡོངསུ་འཛིན་པ་ནི།། དྲི་བ་དང་པོ་པ་རྣམས་ཉོན
2b6 ཅིག། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ཏེ། ཆོས་ཀྱི་སྐུ་ལས་འདས་པའི་ཚེ་སྐུ་རྣམ་པར་དག་པ་མི་ཐོབ་བོ།། རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ
iiif viewer powered by OpenSeadragon
2a - 3a