e-texts navigator
Collection
Volume
Page
Wylie

2a1 རྡོ་རྗེ་རྩེ་མོ།། དོན་ཐུགས་སུ་ཆུད་པས་འདུས་པ་ཞེས་བྱ་བ་འདི་ལ། བཅོམ་ལྡན་འདས་མི་མཉམ་མགོན་པོས། རྗེ། འདུས་པའི་ཚོགས་ངམ་འོངས་པའི་དུས་ན། དུས་མི་སྙམ་པ་ན་མཁའ་མེད་པའི་སྔོན་རོལ་ན།
2a2 གནས་མི་མཉམ་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། སྟོན་པ་མི་ཉམ་པ་སངས་རྒྱས་འོད་དཔག་མེད།། ཆོས་མི་མཉམ་པ་གསང་བའི་རིག་པའི་རྒྱུད་ལྔ། འཁོར་མི་མཉམ་པ་རིགས་ལྔའི་བདེ་བར་གཤེགས་པ། འདུས་པའི་ཚོགས་མི་མཉམ
2a3 པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཀྱཻ། འདུས་པའི་ཚོགས་ང་ཡིས་བཤད། ང་ཡི་བསྙད་པ་ལ་ཉོན་ཅིག། ཨེ་མ་ཧོ་ངོ་མཚར་ཆེ་བའི་ཆོས། བརྗོད་པ་ཀུན་ལས་རབ་ཏུ་འདས། ཆོས་རྣམས་ཀུན་ལ་མི་འདསོ།།
2a4 ཆོས་སུ་སྣང་བ་འཁྲུལ་པའི་ཆོས།། ཅེས་བཀའ་སྩལ་ཏོ།། པརང་བྱུང་གི་ཡེ་ཤེས་ཆེན་པོ་ལཱ་མི་གནས་པའི་སྐུ་བསྟན་པ། ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པའོ།། ངའི་གསུང་འགག་པ་མེད་པ་རང་བྱུང་གི་ཡིས། ངའི་ཐུགས་རྡོ་རྗེ་ལྟ་བུ
2a5 འགྱུར་བ་མེད་པའོ།། ངའི་ཡོན་ཏན་ནོར་བུའི་ཚེ་ལྟར། བང་མི་ཤེས་པའོ།། ངའི་འཕྲིན་ལས་ཉི་མའི་སྙིང་པོ་ལྟར་ལྷུན་གྱི་གྲུབ་པའོ།། པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ། མི་གནས་པའི་ཆོས་བསྟན་པ། འཁོར་ཆེན་པོ་ལྔ་འདུས་པའི་འ
2a6 རྣམས་ལ། རང་རེ་འདུས་པའི་འཁོར་དུ་གསང་བའི་རྒྱུད་ལྔ་གསུངས། ཀྱཻ། འདུས་པའི་ཚོགས་རྣམས་ང་ལ་ཉོན། ང་ནི་སངས་རྒྱས་ཀུན་གྱི་སྐུ། ཡིས་ལུས་ཅན་དྲི་མ་མེད། ང་ནི་སངས་རྒྱས་ཀུན་གྱི་གསུང་།། ཡི་གེ་མེད་པས་ཚིག་ལྔ




iiif viewer powered by OpenSeadragon

1b - 2b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud