e-texts navigator
Collection
Volume
Page
Wylie

15a1 མི་ནུབ་རྒྱལ་མཚན་གཏེར་གྱི་འབྱུང་གནས་འདི།། ས་དང་ལམ་དུ་བགྲོད་པའི་ཆོས་མིན་ཏེ།། ཤེས་རབ་རྨོངས་པས་འཆི་བདག་བདུད་པས་འཇིགས།། སྐལ་ལྡན་རྣམས་ཀྱི་བཙས་སུ་བཞག་པ་ཡིན།
15a2 གསང་བའི་རྒྱུད་གསུམ་མན་ངག་མ་ཚོལ་བར།། སེམས་སྡེ་བཅཝོ་བརྒྱད་འཆད་པའི་སྟོན་པ་ནི།། རང་གཟོ་རིགས་སྤྲད་བྱས་པས་ལྕེ་ལ་ཞིང་དུ་རྨོ།། གསང་བའི་རྒྱུད་གསུམ་ཤེས་རབ་མ་འཁོར་བར།། བཅཝོ་བརྒྱད་དཀྱུས་དང་དོན་དུ་སྦྱོར་ཤེས་ན
15a3 རིན་ཆེན་གསེར་ལ་གཡུ་ཡི་འཕྲ་བ་ཅུག་འདྲ།། མན་ངག་སྙིང་གི་སྤུ་ཏི་མྱུ་གུ་འདི།། རླུང་དང་སེར་བུས་ཐོསུ་མི་རུང་སྟེ། སངས་རྒྱས་སྤྱན་གྱི་དབྱིངསུ་སྦས་ཏེ་བཞག། རྡོ་རྗེ་སེམས་དཔའི་རྒྱས་གདབ་བོ།། ཐུགས་ཀྱི་དགོངས་པ་ཤེས་རབ་བློ་ལྡན་ལ།
15a4 དང་ལྡན་བརྩོན་འགྲུས་ཆེ་བའི་སྒོམ་པ་ལ།། ཉིད་ནས་ཉིད་དུ་གདམས་ཏེ་རྒྱ་ཡིས་གང་བ།། སེམས་སྨད་བཅཝོ་བརྒྱད་གདམས་ངག་མདོར་བསྡུས་པ། བློ་ལྡན་ཤེས་རབ་ཅན་ལ་བསྟན་པར་བཞག། ཅེས་རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལས
15a5 གང་ཟག་ལ་གཏད་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ་ཞེས་བྱ་བ། སློབ་དཔོན་བི་མ་ལ་དང་ལོ་ཙྪ་བ་བཀའ་ལྕོག་གསུམ་གྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགསོ།།




iiif viewer powered by OpenSeadragon

14b - 15b

Texts on this page

Gbr006.30 - rdo rje rtse mo 'dus pa'i rgyud