| | e-texts navigator
|
14a1 ཆེན་པོ་གསིལ་བའི་ཚལ་དུ།། གཡའ་རི་གོང་གི་བྲག་ཕུག་ཏུ།། བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན།། དེ་དང་འཐུན་པར་རྣལ་འབྱོར་བདག་བསྒྲུབ་ན།། གསང་བ་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས།
14a2 སློབ་དཔོན་ཤྲི་སིང་ཧ་དང་།། དགེ་སློང་མ་ནི་ཀུན་དགའ་མོས།། དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས།། སི་སིང་འདུ་རྒྱ་མཚོ་དཀྱིལ་གྱི་བྲག་ཕུག་ཏུ།། བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན།། དེ་དང་འཐུན་པར་རྣལ་འབྱོར་བདག་སྒྲུབ།། གསང་བ་ཐུགས་ཀྱི་དཀྱིལ
14a3 འཁོར་བྱིན་གྱིས་རློབས།། སློབ་དཔོན་བྷི་མ་མེ་ཏྲ་དང་། སློབཱ་ཛྙཱ་ན་ཀུ་མ་རས།། རྒྱ་ནས་བོད་དུ་བྱོན་པའི། ཚེ།། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ།། བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན།། དེ་དང་འཐུན་པར་རྣལ་འབྱོར་བདག་སྒྲུབ་ན།
14a4 གསང་བ་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས།། སློབ་དཔོན་བཻ་རོ་ཙྪ་ན་དང་།། རྒྱལ་པོ་གཡུ་སྒྲ་སྙིང་པོ་ཡིས།། ཚ་བ་ཡུལ་གྱི་མཁར་ཤོད་དུ།། ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན།། དེ་དང་འཐུན་པར་རྣལ་འབྱོར་བདག་སྒྲུབ་ན།།
14a5 གསང་བ་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས།། རྩང་པོ་ཁྲི་སྲོང་ལྡེའུ་གཙན་དང་། མྱང་བན་ཆེན་པོ་ཤའི་སྤྱན་ལྡན་པས། མཆིངས་བུ་བྲག་ཕུག་དག་གི་དབྱེན་ཙ་རུ།། བྱང་ཆུབ་སེམས་ཀྱི་དགོངས་པ་རྙེན་པ་ལྟར།། དེ་དང་འཐུན་པར་རྣལ
14a6 འབྱོར་བདག་སྒྲུབ་ཀྱིས།། གསང་བ་ཐུགས་ཀྱི་དཀྱིལ་འཁོར་བྱིན་གྱིས་རློབས།། དེ་ཡན་ཆད་རྒྱ་བོང་འབྲེལ་པའི་ཆོས་སོ།། འདི་མན་ཆད་རིམ་གྱིས་སྒྲུབ་པའི་མན་ངག་དང་སྦྱོར།། བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་མོ་འདུས་པ་ལས།། གདམས
iiif viewer powered by OpenSeadragon
13b - 14b