e-texts navigator
Collection
Volume
Page
Wylie

4a1 ཕུང་པོ་ཕྱོགས་ཐམས་ཅད་དུ་འཕྲོ་ཡོ།། དེའི་རྩ་བ་ཐབས་ཤེས་རབ་ཟུང་དུ་འབྲེལ་པ་ལྷག་མཐོང་རང་རིག་པའི་ཡེ་ཤེས་ཀྱི་རྒྱན་པ་གཅིག་པོ་ཤེས་པས་ཆོག་པར་བསྟན་ཏེ། དེ་ལ་ངོ་སྤྲ་ར་སྣང་གྲགས་ཀྱི་ཆོས་ཀྱི་སྒོ་མོ་བརྒྱད
4a2 ཁྲི་བཞི་སྟོང་ཐམས་ཅད་རིག་པ་འོད་ཀྱི་ཐིག་ལེར་འདུས་ཏེ། དེ་ཡང་ཐབས་ཤེས་རབ་ཏུ་འདུས་ཏེ། དེ་ཡང་ཟུང་དུ་འབྲེལ་པར་འདུས།། དེ་ཡང་ལྷག་མཐོང་ཁོ་ནར་འདུས།། ལྷག་མཐོང་སུ་བསྒོམ་སུ་ལྷ་སྤྱོད།། འབྲས་བུ་ཐོབ་པར་འདོད་ན་འདོད་མཁན་འཕྲུལ
4a3 གྱིས་འདོད་མཁན་འཕྲུལ་བསྒོམ་མཁན་འཕྲུལ་པ་ལས།། འོ་ན་གཞན་དུ་འཕྲུལ། མི་སྒོམ་སྒོམ་ན་མཉམ་པ་ཉིད་ལས་གོལ། མི་ལྟ་བསྟས་ན་རིག་པ་ལ་ཞེ་འདོད་འོང་བས་གོལ།། མི་སྤྱོད་སྤྱད་ན་དམིགས་བྱ་བྱུང་བས་གོལ།།
4a4 འབྲས་བུ་མི་འདོད་འདོད་ན་རང་མ་ཡིན་པས་སྐྱོན་དུ་ཆེ་བས་གོལ། རོ་དོགས་ཀྱི་རྟ་ལ་ཉམས་མྱོང་གི་བཅག་གིས་བྲབས་པས།། བརྩོན་འགྲུས་ཀྱི་མདུད་པ་མངོན་དུ་བཏང་ནས།། ཐིག་ལེ་ཡང་པའི་བྱེ་ཐང་ལ།། ཕྱོགས་རིས་སུ་གཅད་པའི
4a5 ཐང་ཁ་ལ།། ཕྱིན་ཏེ་བོར་བས་རང་སྡུག་རྟ་ཆང་ནས་ལམ་ཁར་ཤི་ནས་དུར་རྒྱག་མེད་པར་མཆིའོ།། རིག་པ་འོད་ཀྱི་ཐིག་ལེ་སྒོམ་ཡེ་ནས་ཤར་བས།། ཡུལ་སྣང་དུ་མ་གྲུབ་པས་མི་སྤྱོད་རང་ཡིན་པས་འབྲས་བུ་མི་འདོད་ཆོས་མིན་གྱི་སྐུ
4a6 ལ་བོགས་མི་འབྱིན།། དབྱུང་དུ་འབྱུང་མྱེད་ཡོད་ན་ཐུགས་མེད་དོ།། ཅེས་གསུངསོ།། རིག་པ་འོད་ཀྱི་ཐིག་ལེ་རང་གྲོལ་དུ་སྟོན་པའི་དབུགས་མེད་ཉག་གཅིག་དགོངས་པའི་མཆོག། ལྟ་རུ་འདོད་ན་རྣམ་པར་དག། སྒོམ་དུ་ཟླ




iiif viewer powered by OpenSeadragon

3b - 4b

Texts on this page

Gbr006.29 - thig le gsang ba yang gter gyi rgyud