e-texts navigator
Collection
Volume
Page
Wylie

6a1 པོ་རྒྱ་བྱིན་ལྟ་བུའི་དབང་ཐོབས་པར་འགྱུརརོ།། དེ་ནས་ལྷ་མ་ཡིན་གྱི་གནས་མི་ཕམ་རྒྱལ་བས་བྱིན་པ་ཞེས་བྱ་བར་ལྷ་མ་ཡིན་གྱིས་རྒྱལ་པོ་ཐ་བཟངས་རིགས་ཞེས་བྱ་བས།། ཤིང་གི་རྒྱལ་པོ་ཡོངསུ་ས་རྟོལ་གྱིས
6a2 མེ་ཏོག་རྒྱས་པའི་དུས་སུ།། དཔའ་བོ་ས་འཛིན་པ་དང་། ལག་ན་བེ་ཅོན་དང་། ཁྲོས་པའི་རྐན་རྡེབས་དང་། རྣོ་བ་རྡོ་མཆུ་ཅན་ནོ།། དེ་རྣམས་ནི་དམག་དཔོན་དུ་དབང་བསྐུར་རོ།། ཕྱི་མ་རྣམས་ནི་དམག་མིར་དབང་བསྐུརོ།། འཁོར་གྱི་གྱད
6a3 ཆེན་པོ་བཞི་ལ་སོགས་ཏེ། དཀའ་བ་སྤྱོད་པའི་སྐྱེས་བུ་རྣམས་ལ། ག་མཚོན་དང་། སྟ་རི་དང་། མཆོག་གི་ཧ་ཏ་དང་། ལྕགས་ཀྱུ་ཞགས་པ་དང་། བེ་ར་ཀ་དང་། མདའ་གཞུ་ལ་སོག་ཏེ། མ་ཧེའི་ཤ་དང་རྟག་དང་དོམ་དང་དྲེང་དང
6a4 ལྕེ་སྤྱང་དང་ཀང་ཀ་དང་མི་དང་ཁྱི་དང་། རྟ་ལ་སོགས་པའི་ཤ་ཁྲག་དང་དབང་པོས་དབང་བསྐུར་ཏེ། དམག་དཔོན་དུ་དབང་བསྐུ་རོ།། དམག་བྱིན་པོ་རྣམས་ནི་གཏོར་མ་དང་མྱོས་པའི་ཆང་དང་། འབྲུའི་ཆང་དང་། གཙོང་དཔལ་ཕུག་དུ
6a5 སྒོག་སྐྱ་ཡན་ཆད་ཀྱི་དབང་བསྐུར་ཏེ། དམག་མིར་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐཾད་དབང་དུ་འདུས་པར་འགྱུ་རོ།། དེ་ནས་ལྷོའི་འཛམ་བུ་གླིང་མི་འབྱེད་ཀྱི
6a6 འཇིག་རྟེན་གྱི་ཁམས་དབུས་ཚ་ནོ་ཛཾ་ག་དན་དུ། མིའི་སྟོན་པ་ཤཱཀྱ་སེང་གེས་ཤིང་གི་རྒྱལ་བ་ཡོངས་སུ་ས་རྟོལ་གྱི་ལོ་འདབ་རྒྱས་པའི་དུསུ། འཁོར་ས་བཅུའི་བྱང་ཆུབ་སེཾས་དཔའ་རྣཾས་དང་། འཕགས་པ་ཉམ་ཐོས་དགྲ་བཅོམ་པ་རྣཾས་ལ།




iiif viewer powered by OpenSeadragon

5b - 6b

Texts on this page

Gbr006.26 - dbang bskur bla ma rin po che'i rgyud