| | e-texts navigator
|
4b1 བྱང་ཆུབ་བདེ་མཆོག་རོལ་པ་ཐབས་ཀྱི་གཙོ།། གཉིས་མེད་རོལ་པ་ཐུགས་ཀྱི་དཀྱིལ་འཁོར་ནས།། བྱང་ཆུབ་སེམས་རྒྱུན་ཡིས་ཐུགས་རྗེ་ཡིས།། སྐལ་ལྡན་རྣམས་ལ་ཚེའི་དངོས་གྲུབ་སྩོལ།། སྤྲོས་པས་འཇིག་རྟེན་ཀུམ་གྱི་བཀྲག་དང་ལྡན།། ཨཿ།།
4b2 པས་ཁམས་གསུམ་ཡོངས་ཀྱི་མདངས་དང་ལྡན།། བསྡུས་པས་སྲིད་པ་གསུམ་གྱི་དབང་དང་ལྡན།། བཅིངས་པས་འབྲལ་མེད་རྡོ་ལུ་གུ་རྒྱུད།། བརྟན་པས་མི་འགྱུར་རྡོ་རྗེ་ལྷུན་པོ་འདྲ།། བདག་ནི་སྐལ་ལྡན་རྡོ་རྗེ་བདེ་ཆེན་ཏེ། ཁམས་གསུམ་བརྗིད
4b3 མཆོག་ཚེའི་དངོས་གྲུབ་སྩལ་དུ་གསོལ།། དེ་ནས་ཚེ་བརྟན་ཞིང་བཀྲ་ཤིས་པར་བྱ་བའི་ཕྱིར།། རྡོ་སེམས་དཔའི་ཚེ་སྒྲུབ་གཞུང་དང་འཐུན་པར་བྱས་ནས།། རྣལ་འབྱོར་ཚེའིལི་སི་ཏི་ཐོབ་པར་བྱེད་པ་ནི། རྡོ་སེམས་དཔའ་ཚེ་བསྒྲུབ་བསྟན་པའོ།། ཅེས་ཡེས
4b4 བླ་མ་རིན་པོ་ཆེའི་རྒྱུད་བསྟན་པ་དང་རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དབང་བསྐུར་བའི་ཐབས་བསྟན་ཅིང་།། བཀྲུ་དང་བསྟན་དང་རྫོགས
4b5 པ་དང་། མཐར་ཕྱིན་པའི་འདམས་ངག་གོ་ཅེས་འབྱུང་སྟེ། སློབ་མ་སྣོད་དང་ལྡན་བྱའི་ཕྱིར།། ཡིས་བདུད་རྩི་ཆེན་པོ་ཡིས།། ཕྱི་ནང་གསང་བའི་ཁྲུས་ཀྱང་བྱ་ཅེས་འབྱུང་སྟེ། ལུས་ངག་ཡིད་གསུམ་གྱིས་ཁྲུས་ཀྱི་ཆོ་ག་བྱས་ཏེ། སྣོད་དག་པར་བྱས་ནས
4b6 གསང་སྔགས་ཀྱི་སྣོད་དུ་རུང་བར་བྱས་ལ། དབང་བསྐུར་བར་བྱའོ།། དེ་ཡང་ཡིས་སྤྱི་ཐུགས་ཀྱི་དབང་རྫོགས་པར་བྱ་བ་ལ། མང་སྤྱོད་རྫོགས་པའི་སྐུ་ལྔས་དབང་བསྐུར་ཏེ། ཤར་གྱི་བུམ་པ་བླངས་ཏེ། ཧཱུཾ་ཤར་ཕྱོགས་ཆོས་དབྱིངས་དངུལ་གྱི་བུཾ་བ་ན།
iiif viewer powered by OpenSeadragon
4a - 5a