| | e-texts navigator
|
1b1 རྒྱ་གར་སྐད་དུ། རཏྣ་པ་ཏྲེ་ཤ་ཨཱ་གྷཱ་ཏྲ་ཙཀྲ་ཏན་ཏཱ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ
1b2 ཕྱག་འཚལ་ལོ།། འདི་སྐད་བདག་ཉིད་ཀྱིས་སེམས་དཔའ་རྡོ་རྗེའི་དོན་ཡོངསུ་གོ་བའི་དུས་ཉིད་ན། སྤྲུལ་པའི་སྐྱེས་བུ་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེ་ཡིས།། དྷ་ཧེ་ནའི་འདུ་ཁང་ཆེན་པོ་རུ།།
1b3 རིགས་ཁྱད་པར་ཅན་གདུག་པ་ཅན་གྱི་ཚོགས་མཁས་པ་ཉི་ཤུ་རྩ་གཅིག་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྣམས་བསྡུས་ནས།། ལྷུན་གྲུབ་ཤེས་པ་རང་གསལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ
1b4 སྙོམས་པར་བཞུགསོ།། ཞུག་མ་ཐག་ཏུ་འཁོར་ཐམས་ཅད་ཀྱི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་ཟག་པ་མེད་པའི་ཆོས་ཉིད་དུས་གཅིག་ཏུ་ཤར་བར་གྱུར་ཏོ།། དེ་ནས་འཁོར་རྣམས་ཀྱི་ནང
1b5 ནས་ཉིད་དང་འདྲ་བའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་བཞེངས་ནས།། འཇམ་དཔལ་བཤེས་གཉེན་གྱིས་སྤྲུལ་པའི་སྐྱེས་བུ་དགའ་ར་བ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ལོ།། ཨེ་མ་ཧོ།
iiif viewer powered by OpenSeadragon
1a - 2a