e-texts navigator
Collection
Volume
Page
Wylie

6b1 གསལ་གཟང་ཐལ་འདི་ལ་འདུ་ཤེས་ན།། སངས་རྒྱས་ས་ཡང་སྐད་ཅིག་གཅིག་ལ་རྫོགས།། འོད་གསལ་འཁོར་ལོ་བསྐོར་བ་དང་།། གནད་ཀྱི་བཙན་ཐབས་ཆེན་པོ་བསྟན་པ་གཅེས།། དེ་ཡང་རྟགས་ཀྱི་ངོ་སྤྲོང་ཡིན་པར
6b2 ཤེས།། རྩའི་གནད་དང་ཕྱག་རྒྱའི་གནང།། བསྒོམ་པ་འོད་གསལ་འཁོར་ལོ་བསྐོར་ཤེས་ན།། བར་དོ་མེད་པའི་ཡེ་ཤེས་ཟང་ཐལ་འཆར།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ཐིག་ལེ
6b3 བཙན་ཐབས་སུ་བསྟན་པ་དང་། འོད་གསལ་འཁོར་ལོ་བསྐོར་བའི་ལེའུ་སྟེ། བཅུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ཡང་ན་རྟགས་ལ་ངོ
6b4 སྤྲོད་འདི་ལྟ་སྟེ།། རྩའི་རྩལ་པོ་ཤེལ་གྱི་སྡུག་མ་ཅན།། ཉི་མ་ཟླ་བའི་ནང་ན་ཟུག་ནས་གནས།། དོན་གྱི་ངོ་བོ་ཐིག་ལེ་ཆོས་མེན་སྐུ།། གངས་རི་བརྩེགས་པའི་གནས་དང་འབྲེལ་བ་ཡི།། ནུང་དུས་འཆར་དུས་ཐིམ
6b5 དུས་མ་ཤེས་ན།། ཆགས་སྔངས་བློ་ཡིས་ཡུལ་ལས་འདས་མི་སྲིད།། སྐྱེ་བ་གཅོད་པ་གནས་པ་གསུམ།། འདུ་འབྲལ་མེད་པར་འཁོའ་བའི་རྩལ་དུ་འཆར།། དེའི་རྩལ་དུ་དབུགས་ཀྱི་འགྲོ་འོད་ཀྱང་།
6b6 གསུམ་དུ་བྱུང་བས་སེམས་ཀྱི་རྟགས་སུ་ཤར།། གང་རི་གཉིས་ལ་ཡོབ་ཆེམ་ལྟ་བུའི་རྩ།། སྙིང་ང་བརྩའི་བར་ན་གོང་དང་འདྲ།། དེ་གཉིས་འབྲེལ་པའི་རྩའི་ནང་ནས་ནི།། འགག་མེད་ཐོག་མེད་དབུགས་མེད




iiif viewer powered by OpenSeadragon

6a - 7a

Texts on this page

Gbr006.24 - ye shes thig le zag thal gyi rgyud