e-texts navigator
Collection
Volume
Page
Wylie

10a1 ཉི་མའི་འོད་ཀྱི་སྣང་བ་དེ།། ཉི་མ་ཕྱེད་ཀྱི་དུས་དག་ན།། རང་རང་མཐོང་ཀྱིས་དབྱིངས་སུ་གྲུབ།། བསམ་པ་མི་འདྲ་སྣ་ཚོགས་ཤར།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྨིན།། རྩ་བ་དུག་ལྔ་དག་ལ་འདུས།། དེ་ཡང
10a2 གསུམ་དུ་འདུས་གསུམ་པོ་གཅིག། གཅིག་པོ་མ་རིག་དེ་ཉིད་ཅི་ལས་གྲུབ།། རྩེ་གཅད་རྩེ་བཅད་སྐེད་གཅོད་ཀྱི།། ཐོག་མ་བར་དང་མཐར་གཅོད་པའི།། ཡེ་ཤེས་ངོ་བཟུང་ངོ་སྦྱོང་སྟོན།། གཅིག་པོ་མཚན་མ་རང་སར་གྲོལ།། གཉིས
10a3 མེད་ཟླད་ཐལ་སྐུ།། ཕྱོགས་ལྷུང་མེད་པའི་ཡེ་ཤེས་ཤར།། རྒྱ་མ་ཆད་ཀྱི་ཆོས་བསྐུར་གསལ།། ལྷུན་གྱི་གྲུབ་པས་རང་སར་གྲོལ།། རང་སྣང་དག་ལས་མེད་ཙམ་ན།། རིག་པ་ཡུལ་མེད་ཅེས་ཀྱང་བྱ།། ཆོས་ལ་བདག་མེད་ཅེས
10a4 ཀྱང་བྱ།། སངས་རྒྱས་ཡུལ་མེད་ཅེས་ཀྱང་བྱ།། གཟིགས་སྣང་མཐའ་ལས་གྲོལ་ཡིན།། ཅེས་གསུང་སོ།། ཡེ་ཤེས་ཐིག་ལེ་འཁོར་ལོ་ཁོང་འབར་གྱི་རྒྱུད་ལས་ལེའུ་སྐབས་ཏེ་བཅུ་དྲུག་པའོ།།
10a5 སརྦ་མ་ལ་ད་དྷུ་ཨ་སིང་ཤ་ཥཱ་ཙ་ལ་ཨཱ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས།། བདེ་ཆེན་རང་འབར་གྱི་ཏིང་ངེ་འཛིན་ལས་བཞེངས་ནས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། བྷྲཱུཾ། སེམས་དཔའ་ཆེན་པོ་ཉོན་ཅིག
10a6 སྐུ་གསུམ་དབྱེར་མེད་བསྟན་པ་ནི།། རྒྱ་མཚོ་དང་པའི་དུས་ཉིད་ན།། ངར་དང་རླབས་དང་སྦུ་བ་དང་།། ཆབ་རོམ་སྣ་ཚོགས་ཅིར་སྣང་ཀྱང་།། ཆུ་བོ་དག་ལས་འདས་པ་འམ།། རྒྱ་ཆང་ཕྱོགས་སུ་ལྷུང་བ་ནི།། ཕྲ་རབ་བསྐུལ་ཙམ




iiif viewer powered by OpenSeadragon

9b - 10b

Texts on this page

Gbr006.24 - ye shes thig le zag thal gyi rgyud