| | e-texts navigator
|
7b1 གསལ་འཁོར་ལོ་ཅི་ལ་བསྐོར།། བཟུང་འཛིན་འོད་གསལ་བསྐོར་བས་འོད་ཀས་ལ་གྲོགསུ་འགྱུར།། སྒོ་ལྔ་རྣམ་ཤེས་པར་ན་ཡས་ཟང་མ་གནས།། ཡིས་ཟང་མ་ཡིན་པས་སངས་རྒྱས་དགོངས་པ་ཐོབ།། རྣམ་ཤེས་ཡུལ་གྱི་བར་ན་ཡིས་ཟང
7b2 ཐལ་གནས།། ཡིས་ཟད་ཐལ་མཐོང་ན་ཚོགས་དྲུག་བདེ་བ་རྒྱུན་མི་ཆད།། ཡིད་དང་ཡིད་ཀྱི་རྣམ་ཤེས་པར་ན།། རང་བྱུང་ཡིས་འཁོར་ལོ་གནས།། རང་བྱུང་འཁོར་ལོ་བསྐོར་ན་ཡེ་ཤེས་རྒྱུན་མི་ཆད།། ཡིད་དང་རྣམ་ཤེས་མེད་ན་རང་བྱུང་གང
7b3 ནས་བཙལ།། ཡིད་དང་རྣམ་ཤེས་རོལ་མ་གཟུང་འཛིན་རྒྱུན་མི་ཆར།། འབྲས་བུ་འགྲོ་དྲུག་འཁྱམས་ཏེ་ཐར་པའི་དུས་མི་མཆི།། སྙིང་པོ་ཡེ་ཤེས་ཟད་ཐལ་ཆོས་མེན་སྐུ།། ཐོག་པ་མེད་པའི་ཡེ་ཤེས་མ་མཐོང་ན།། སྤྱོད་པ་མང་པོ་འབྲས་བུ
7b4 མཐར་མི་ཕྱིན།། ཅེས་གསུངསོ།། གསང་བ་ཡང་གཏོར་གྱི་རྒྱུད་ལས།། རིག་པ་ལམ་ཁྱེར་གྱི་ལེའུ་སྟེ་དགུ་པའོ།། ། ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས།། རིག་པ་ལམ་དུ་ཁྱེར་བའི་མན་ངག་དེའི་འབྲས་བུ
7b5 བསྟན་དུ་གསོལ།། ཅེས་ཞུས་པས་ཡང་བཀའ་སྩལ་པ། ཕྱིའི་སྐུ་གསུམ་ནང་གི་སྐུ་གསང་བའི་སྐུ་གསུམ་དང་། ཕྱིའི་ཤེས་རབ་ནང་གིས་ཤེས་རབ་དང་།། གསང་བའི་ཤེས་རབ་རྣམ་གསུམ་མོ།། ཕྱིའི་སྐུ་གསུམ་འབྲེལ་པ་མེད།། ནང
7b6 གི་སྐུ་གསུམ་འདུས་བྱས་ཡིན།། གསང་བའི་སྐུ་གསུམ་འདུ་འབྲལ་མེད།། ཕྱིའོ་ཤེས་རབ་རྣམ་གསུམ་སྤྲོས་སྤྱོང་ཡིན།། ནང་གི་ཤེས་རབ་ཡིད་སྨོན་ཡིན།། གསང་བའི་ཤེས་རབ་རང་གྲོལ་ཡིན།། དེ་ལ་གསང་བའི་ཤེས
iiif viewer powered by OpenSeadragon
7a - 8a