| | e-texts navigator
|
7a1 སྐྱོན་དང་འབྲས་བུ་ཡོན་ཏན་དག་ཏུ་བཤད།། རིག་པ་སྙིང་ན་གནས་པ་སྟེ།། ཤེས་རབ་ཞེས་སུ་རབ་ཏུ་གྲགས།། ངོ་བོ་རྩོལ་དང་ལས་དང་ནི།། གནས་དང་ལམ་དང་སྒོ་དང་ནི།། ཡོན་ཏན་འབྲས
7a2 བུ་རྣམ་པ་བརྒྱད། ཅེས་གསུངསོ།། ཡང་བཀའ་སྩལ་པ།། དེ་རྣམ་མ་ཤེས་མ་རིག་པ་། འགྲོ་བ་འཁྲུལ་པ་རུ་རུ་སྨིག་རྒྱུ་སྙེད་པ་འདྲ། ཅེས་གསུངསོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། རིག་པ་དང་མ་རིག་པའི་སོ་མཚམས་བསྟན
7a3 པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས། རིག་པ་མའི་ལམ་དུ་བཟུང་བ་དང་།། འབྲས་བུ་ཇི་ལྟར་ཐོབ་པ་ལགས། ཞེས་ཞུས་པས། བཀའ་སྩལ་པ། རིག་པ་འོད་གསལ་བས་འཁོར་ལོ་བསྐོར་དང་ཡུཾ།
7a4 ཟང་ཐལ་འཆར།། རྒྱུད་མ་སྐྱེས་ཅིང་རྐྱེན་ལ་རག་མ་ལུས།། ཡེ་ཤེས་ཟང་ཐལ་ཡེ་ནས་གནས་པ་ལ།། མཚན་མའི་ཡུལ་གྱིས་རྣམ་པ་སྐྱེས་པའི་ཚེ།། འོད་གསལ་དང་དུ་ཤེས་པས་མཚན་མ་བསྐོར།། བཟུང་འཛིན་སྤྲོས་པ་མཆོད་ན་ཡིས
7a5 གསལ།། དེ་ཡང་དམར་ཁྲིད་དག་ལས་ཤེས་པར་བྱ།། གསལ་བའི་ཚད་ནི་ཏིལ་གྱི་མར་མེ་འདྲ།། གཟུང་འཛིན་སྤྲོས་པ་སྒུར་ལ་གྲོག་སུ་འགྲོ། དཔེར་ན་མེ་ལ་བུང་ཤིང་བསྣན་པ་འདྲ།། དཔེར་ན་འཁོར་ལོ་གྱེན་དུ་དྲག་བསྐོར་ན།། འཁོར
7a6 ལོའི་ནང་དུ་ཚུད་པའི་སེམས་ཅན་རྣམས།། དངོས་མེ་ཐལ་བར་སོང་ནས་འཁོར་ལོའི་གྲོག་སུ་འགྲོ།། མཚན་མ་མེད་ན་འཁོར་ལོ་ཙི་ལ་བསྐོར།། འཁོར་ལོ་བསྐོར་ནས་མཚན་མ་ཀླག་པར་འགྱུར།། དེ་བཞིན་བཟུང་འཛིན་མ་སྐྱེས་འོད
iiif viewer powered by OpenSeadragon
6b - 7b