e-texts navigator
Collection
Volume
Page
Wylie

9a1 གནས་པ། ས་རྣམས་མ་བགྲོད་རང་སར་ཕྱིན།། འདུ་འབྲལ་མེད་པའི་ཡེ་ཤེས་ཏེ།། འོད་གསལ་ཆེན་པོའི་དགོངས་པ་འདིས།། ཐམས་ཅད་རང་སར་གྲོལ་བས་ན།། དུམ་པའི་འཁྲུལ་པ་རང་སར་གྲོལ་ན།
9a2 དུག་གསུམ་མ་རིག་རང་གྲོལ་བས།། རྒྱུན་གྱི་འཁྲུལ་པ་རང་སར་གྲོལ།། རྒྱུན་དང་དུམ་བུའི་འཁྲུལ་པ་གཉིས།། གཉིས་འཛིན་མཚན་མ་རང་གྲོལ་བས།། ཡེ་ཤེས་ཟང་ཐལ་འབའ་ཞིག་སྐུ།། རྩོལ་གྲུབ་མེད་པས་རང་གྲོལ་ཡིན།། ཅེས
9a3 གསུང་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི་རྒྱུད་ལས། སྤྱོད་པའི་གདམས་པ་བསྟན་པའི་ལེའུ་སྟེ། བཅུ་བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ། སེམས
9a4 དཔའ་ཆེན་པོ་ཉོན་ཅིག། འབྲས་བུའི་དགོངས་གཞི་དགོས་པའི་དོན།། སྤྱི་དང་བྲེ་བྲག་དབྱེ་བ་གཅེས།། མུ་སྟེགས་སྒེག་པ་དགྲ། སྐུ་གསུམ་རབ་སྣང་འབྲས་བུའོ།། སྐུ་གསུམ་འབྲས་བུ་བསྟན་པ་ཡང་།། སྤྱི་དང་བྱེ་ཟག
9a5 དབྱེ་བ་གཅེས།། འདི་ནི་མཆོག་གིས་སྐུ་གསུམ་ཡིན།། ཐུན་མོངས་འབྲས་བུ་བསམ་མི་ཁྱབ།། རང་གི་མཚན་ཉིད་འདི་ལྟ་སྟེ།། ཐམས་ཅད་ཐིག་ལེ་རང་གྲོལ་བ།། འབྲས་བུའི་ས་དང་ཐོབ་བྱའི་དོན།། ངས་ནི་དེ་ལྟར
9a6 མ་ཤེས་སོ།། ཐམས་ཅད་ཡེ་ཤེས་ཟང་ཐལ་ལ།། ཡུལ་མེད་པ་ལ་གནས་པ་མེད།། ཕྱི་ནང་མེད་པས། མེད།། བར་མཚམས་མེད་པས་ཐོབ་ཡུལ་མེད།། གཉིས་མེད་དབྱེར་མེད་ཐིག་ལེ་ལ།། འབྲས་བུ




iiif viewer powered by OpenSeadragon

8b - 9b

Texts on this page

Gbr006.21 - ye shes 'khor lo gting rdzogs chen po'i rgyud