e-texts navigator
Collection
Volume
Page
Wylie

7b1 ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས།། དོན་དམ་ཀུན་རྫོབ་གཉིས་ནི་མུ།། རང་བཞིན་སྟོང་པ་གཅིག་གིས་ངོ་།། གཉིས་མེད་རང་གྲོལ་གཅིག་གིས་མཐའ། ཀུན་རྫོབ་དོན་དམ་དབྱེར་མེད་ལ།། གསུམ་གྱི་མཐའ་རུ་བརྗོད་པ་ཡིན།།
7b2 ཕྱོགས་སུ་མ་སྦྱང་རྒྱ་མ་ཆད།། མཚན་མ་རང་སར་གྲོལ་བ་ཡིས།། ཤེས་བྱ་བ་ཤིས་ཀྱི་འདུག་ཚུལ་དེ།། ཆོས་ལས་འདས་པའི་ཟང་ཐལ་དང་།། རང་སྣང་དག་པའི་ཡེ་ཤེས་ཏེ། རྒྱ་མ་ཆད་པའི་ཡེ་ཤེས་ཡིན།། ཕྱོགས་ལྷུང
7b3 མེད་པའི་ཐིག་ལེ་ལ།། སྤུན་གྲུབ་གཞིའི་གནས་ལུགས་ནི།། ཕྱོགས་མེད་རང་སར་གྲོལ་བ་སྟེ།། རྒྱམ་ཆད་ཀྱི་ཆོས་སྐུ་ཡིན།། ཡེ་ཤེས་ཟང་ཐལ་ཕྱོགས་མེད་གསུམ།། ཁྱབ་པའི་ཡེ་ཤེས་མི་འགག་པར།
7b4 ཐོག་པ་མེད་པར་མཁའ་ལྟར་གསལ།། ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད།། དབྱེར་མེད་ཐིག་ལེའུབ་ཆུབ་སྟེ། སྐུ་དང་ཡེ་ཤེས་དབྱེར་མེད་པས།། ཡེ་ཤེས་ཉི་ལྟར་གསལ་བའོ།། ཆོས་སྐུ་མཁའ་ལྟར་ཁྱབ་ཅིང་བརྡལ།
7b5 དཔེ་ཟླ་མེད་པའི་ཉག་གཅིག་པའོ།། ཡེ་ཤེས་ཆོས་སྐུའི་ངོ་སྤྲོད་ཡིན།། སྤྱི་དང་བྱེ་བྲག་ཁྱད་པར་ཆེ།། འདུག་ཚུལ་སྣང་ཚུལ་དབྱེར་མེད་པས།། མཚན་མ་རང་གྲོལ་ངོ་སྤྲོང་ཡིན།། ཐིག་ལེ་དེ་སྤྲོད་རང་གསལ་བས།
7b6 བློ་ཡིས་ཞེན་པའི་ཡུལ་ལས་གྲོལ། སྣང་ཞེན་གྲོལ་བས་མངོན་ཞེན་གྲོལ།། སྐྱེ་རྒྱུད་ཆད་པས་འཆི་རྒྱུན་ཆོད།། འཁྲུལ་པ་བཟློག་ན་གཞི་ནས་བཟློག། མ་རིག་པས་ནི་འཁོར་བར་འཁྱམས།། མ་རིག་བཟློག




iiif viewer powered by OpenSeadragon

7a - 8a

Texts on this page

Gbr006.21 - ye shes 'khor lo gting rdzogs chen po'i rgyud