e-texts navigator
Collection
Volume
Page
Wylie

3a1 གཞན་དུ་མཐོང་བས་ཞེ་སྡང་འབར།། རང་ངོ་མ་ཤེས་གཏི་མུག་འཐིབས།། ལྷ་མོར་མཐོང་བས་ང་རྒྱལ་སྐྱེས།། ང་རྒྱལ་ཁོང་ཁྲོ་ཁྲག་དོག་ལྔ།། རྣམ་རྟོག་མེད་པའི་ལམ་དུ་བྱུང་།། ཆགས་ཞེན་ལྔ་པོ་རང་ལ་ཤར།
3a2 དགེ་སྡིག་གཉིས་པོ་དེ་ནས་སེལ།། སྲིད་པ་གསུམ་པོ་དགའ་བ་སྟེ།། འཁོར་བའི་རྒྱ་མཚོའི་ནང་དུ་བྱིད།། འདོད་ཆགས་མེ་ལྟར་འབར་བ་དང་།། ཞེ་སྡང་བྲག་ཆེན་གཏམས་པ་དང་།། གཏི་མུག་ལྟར་འཐིབས་པ་དང་།། ང་རྒྱལ་ཆུ་ལྟར
3a3 འཁྲུག་པ་དང་།། ཕྲག་དོག་རླུང་ལྟར་འཚུབས་པ་ཡིས།། ངན་འགྲོ་བདེ་འགྲོའི་གནས་ན་འཁྱམ།། རང་རིག་རང་བདུད་གཅོད་པ་ཡིས།། ཐར་པའི་དུས་ནི་དཀའ་བར་མཆི།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན
3a4 པོའི་རྒྱུད་ལས།། དགེ་སྡིག་རང་གྲོལ་དང་རང་བཅིང་སྤྱིས་བསྟན་པའི་ལེའུ་སྟེ། ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སངས་རྒྱས་སེམས་ཅན་ཁྱད་པར་བསྟན་པ་ནི།
3a5 འགྱུ་བ་ལྷུན་གྲུབ་རླུང་གི་བཤོག་པ་ཙམ།། རླུང་གི་འཁོར་ལོ་རྟ་ཕོལ།། ཞོན་ནས་ཕྱོགས་སུ་འགྲོ་འདོད་པ།། དེ་ནི་ཆགས་སྡང་སྐྱེ་བའི་གཞི།། རིག་པ་རང་ས་མི་ཟིན་པས། མ་རིག་པའི་མུན་པས་འཐིབས།། ཉོན་མོངས་པའི།
3a6 དབང་གི་སུ།། མ་ཤེས་འཁོར་བའི་འདམ་དུ་བྱིང་། འཁོར་བ་ལོག་ན་མེད་ན་རང་གིས་བསྒོད་།། སེམས་ནི་ཆགས་བསྡང་བསྐྱེད་པར་བྱེད།། དེས་ན་སེམས་ནི་རྟོགས་པས་འབྲས་བུ་འདུས་བྱས་འགྱུར།། སངས་རྒྱས་རིག




iiif viewer powered by OpenSeadragon

2b - 3b

Texts on this page

Gbr006.21 - ye shes 'khor lo gting rdzogs chen po'i rgyud