e-texts navigator
Collection
Volume
Page
Wylie

10a1 བུའི་ལ་ཤན་དང་།། ཉམས་ཀྱི་ལ་ཤན་རབ་ཏུ་གཅེས།། ལ་ཟླའི་མཚན་ཉིད་བསྟན་པ་ནི།། ཐིག་ལེ་བློ་ལས་འདས་པ་ལ་ཡི།། མཚན་མ་རང་གྲོལ་ཕྱོགས་མེད་ལ།། ཕྱོགས་སུ་འཛིན་པ
10a2 གོལ་ས་ཡིན།། དེ་ཉིད་མ་ཤེས་སྒྲིབ་པ་ཡིན།། ཡེ་ནས་ཟང་ཐལ་གཞི་མ་དེ།། རང་གྲོལ་མུན་མཐའ་ལས་འདས་པ།། དེ་ནི་ཡེ་ཤེས་ཕྱོགས་མེད་ཡིན།། སོལ་དང་སྒྲུབ་པ་རང་སར་གྲོལ།། དེ་ཉིད་སླར་ལ་གྲོགས་སུ་ཤར།། ཕྱི་ནང་མེད་པས
10a3 མན་ཤེལ་འདྲ།། དཔེ་ཟླ་མེད་པས་ནོར་བུ་འདྲ།། ཕྱོགས་ལྷུང་མེད་པས་ན་མཁའ་འདྲ།། རྒྱ་མ་ཆད་པས་ཉི་མ་འདྲ།། ཉི་མཚན་མེད་པས་ལྕེ་སྦྱངས་འདྲ།། ཅེས་གསུངས་སོ།། ཡེ་ཤེས་འཁོར་ལོ་གཏིང་རྫོགས་ཆེན་པོའི
10a4 རྒྱུད་ལས།། གོལ་གཞི་གོལ་ས་ཤན་དབྱེ་ལ་ཟླ་བའི་ལེའུ་སྟེ། བཅུ་དགུ་པའོ།། །། དེ་ནས་ཡང་གསུངས་པ། སེམས་དཔའ་ཆེན་པོ་ཉོན་ཅིག། དབང་གི་ཆུ་བོ་བཞི
10a5 བོ་བསྟནཿ།། ག་ག་པགས་ཤུ་སི་ཏ་དང་། ནེ་རན་ཛར་ལྟ་བུ་ཡིས།། དཔེ་ཡི་དོན་ནི་རྔ་ལོག་ནས།། ཆུ་བོ་ཡེ་ཤེས་རྔ་ལོག་ནས།། ཆུ་བོ་ཡེ་ཤེས་ཟང་ཐལ་ལ་འགག་པ་མེད་པའི་ཐིག་ལེའི་རྩལ།། དབང་གི་ཆུ་བོ་རྔ་ལོག་ཡིན།
10a6 ཡེ་ཤེས་ཆུ་བོ་ཆུན་ལྟར་འཆར།། བར་ཆད་མེད་པའི་དབང་སྐུར་ཡིན།། རིག་པ་རྩལ་གྱི་དབང་ཐོབ་པས།། རལ་གྲི་ཁ་མངས་ལྟ་བུའི་དཔེ། སྦྲུལ་སྤུ་ཐུགས་ཕྲད་དབང་ཡང་ཐོབ།། ཡེ་ཤེས་རྩལ་གྱི་དབང་བསྐུར་བས




iiif viewer powered by OpenSeadragon

9b - 10b

Texts on this page

Gbr006.21 - ye shes 'khor lo gting rdzogs chen po'i rgyud