| | e-texts navigator
|
3a1 འཁྲུལ།། ཕྱིས་ཀྱང་འཁྲུལ་པར་མི་འགྱུརརོ།། འཁྲུལ་པ་བྱ་ལོག་ཏུ་བསྟན་པའི་ལེའུ་སྟེ། བརྒྱད་པའོ།། །། ལྟ་བ་ཛ་ལོག་བསྟན་པ་ནི། ལྟ་བ་ཛ་ལོག་ལྟ་བའི་ལྟ་ལྟངས་རྔ་ལོག། ཡེ་ལྷ་ཆེན་པོའི
3a2 སྒོམ་པ་ཛ་ལོག། སྒོམ་ཉམས་རྔ་ལོག་སྟེ། ཡེ་སྒོམ་ཉམས་ཆེན་པོ། སྤྱོད་པ་ཛ་ལོག་གཉིས་སྣང་མེད་པར་ཏྲ་ལོག། དབྱེར་མེད་ཀྱི་གནས་ལུགས་ཆེན་པོ།། འབྲས་བུ་རྔ་ལོག་ཐོབས་མེད་པས།། ཛ་ལོག་སྟེ་ཡེ་ནས་ཐོབ་ཟིན་པ
3a3 ཆེན་པོ།། ལྷ་སྒོམ་རྔ་ལོག་གི་ལེའུ་སྟེ་དགུ་པའོ།། ། འབྲས་བུ་རྔ་ལོག་བསྟན་པ་ནི།། དམྱལ་བ་རྔ་ལོག། མེ་ལོང་ལྟ་བུའི་ཡེ་ཤེས། ཡི་དྭགས་རྔ་ལོག་ཀུན་རྟོག་ཡེ་ཤེས།། བྱོལ་སོང་རྔ་ལོག་དབྱིངས་སྟོང་ཡེ་ཤེས
3a4 མི་ཛ་ལོག་མཉམ་པ་ཉིད་ཀྱི་ཡེ་ཤེས།། ལྷ་དང་ལྷ་མ་ཡིན་རྔ་ལོག། རང་གསལ་མི་གནས་ཡེ་ཤེས།། སྣང་བ་རྣམ་པ་ལྔ་རྔ་ལོག། དབྱིངས་རྣམ་པར་དག་པའི་ཡེ་ཤེས། རྒྱུ་རྣམ་པ་ལྔ་རྔ་ལོག་གཞི་གནས་ཀྱི་ཡེ་ཤེས་ཆེན
3a5 པོ།། གཞི་རྣམ་པ་ལྔ་རྔ་ལོག། ཡེ་ཤེས་ཆེན་པོའི་ཐིག་ལེ། འཁྲུལ་པ་རྔ་ལོག་གིས་ལེའུ་སྟེ། བཅུ་པའོ།། །། དུག་ལྔ་རྔ་ལོག་བསྟན་པ་ནི། གཏི་མུག་ཆོས་ཀྱི་སྐུ། འདོད་ཆགས་རྔ་ལོག་སྦྲུལ་སྐུ
3a6 ཞེ་སྡང་རྔ་ལོག་ལོང་སྐུ།། ང་རྒྱལ་རྔ་ལོག་རྡོ་རྗེ་ལྟ་བུའི་སྐུ།། ཕྲག་དོག་རྔ་ལོག་མངོན་པར་བྱང་ཆུབ་པའི་སྐུ།། གཏི་མུག་ཆོས་ཀྱི་སྐུའི་ཡེ་ཤེས།། འདོད་ཆགས་རང་འབྱུང་གི་ཡེ་ཤེས།། ཞེ་སྡང་སྙིང་པོའི་ཡིས།
iiif viewer powered by OpenSeadragon
2b - 3b