e-texts navigator
Collection
Volume
Page
Wylie

2b1 ཡི་རྩལ་ལས་ཡི་གེ་ཧ།། རྩལ་གྱི་ཡི་གེ་ཞེས་སུ་གྲགས།། དེ་ཡི་གདང་ལས་ཡི་གེ་མ།། ཐམས་ཅད་བསྐྱེད་པར་བྱེད་པའོ།། དེ་ཡི་རོལ་པའི་ཡི་གེ་འ།། གཅོང་པར་བྱེད་པ་ཞེས་སུ་གྲགས།། གཅོད་པར་བྱེད་པ་དེ་ཉིད་འགྱུར་བ་མེད་པའི་ཕྱིར།
2b2 མ་ནུ་ཞེསུ་རབ་ཏུ་གྲགས།། དེ་ལ་འོད་ལྔ་རབ་ཏུ་འབར།། མ་ནིང་འོད་ཟེར་དཀར་པོར་འཕྲོ།། ཨ་ནི་འོད་ཟེར་མཐིང་ཁར་འཕྲོ།། ཧ་ནི་འོད་ཟེར་ལྗང་ཁུར་འཕྲོ།། 2་ནི་འོད་ཟེར་དམར་པོར་འཕྲོ།། ས་ནི་འོད་ཟེར་སེར་པོ་འཕྲོ། ཁ་དོག་སྣ་ཚོགས
2b3 འབར་བའི་འོད།། གཟི་བརྗིད་ཕུང་པོ་ལྟ་ན་སྡུག། ཅེས་གསུངསོ།། ལྷུན་གྲུབ་རང་སར་བསྟན་པའོ།། རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས།། གཞི་བསྟན་པའི་ལེའུ་སྟེ། གཉིས་པའོ།། ། དེ་ནས་ཡང་གསོལ་པ
2b4 བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ།། ཐེག་ལེ་འཁྲུལ་པའི་འོད་གསལ་དེ།། མ་ནིང་རླུང་ལས་མ་ཤེས་རྨོངས་པ་སྟེ།། སེམས་ཅན་ཆགས་པ་ཇི་ལྟར་ལགས། ཤེས་ཞུས་པས། ཡང་གསུངས་པ། ལས་ཤེས་བྱ་བ་སྣ་ཚོགས་བྱེད
2b5 དང་པོ་བསྐྱེད་པ་ཐ་མར་གྲོལ།། དཔེར་ན་དུག་སྦྲུལ་མདུད་གྲོལ་འདྲ།། སྣང་བ་ཆེན་པོ་གསལ་བ་ཆེ།། འོད་ཀྱི་སྐུ་དང་ཡིད་ཀྱི་ལུས།། མཉམ་བྱེད་མཚན་དང་དཔེའ་བྱང་རྫོགས།། ཐོག་མ་ཡིད་ཀྱི་སྐུ་ཡིན་སྙམ།། བྱེད་དོ་སྙན་པ་མཉན
2b6 བྱེད་འཛིན།། དེ་ཡང་ཨ་ཡི་ངོ་བོར་གནས།། དེ་ལས་འཕྲོས་པས་འོད་དུ་སྣང་།། འོད་ཀྱི་ལུས་ལ་ཡིད་ཀྱི་འཛིན།། འོད་ཀྱི་གཟུགས་བརྙན་ཞེས་སུ་གྲགས།། དེ་ལས་རྟགས་པས་འོད་ཀྱི་སྐུ། མཚན་དང་དཔེ་ཀྱང་རང




iiif viewer powered by OpenSeadragon

2a - 3a

Texts on this page

Gbr006.14 - rdo rje rnal 'byor ma'i rgyud/ mkha' 'gro ma 'di skad