| | e-texts navigator
|
11a1 ལོངས་སྤྱོད་བདེ་བའི་ཐིག་ལེ་ཅན།། རྣམ་དག་ཆོས་སྐུའི་རང་བཞིན་ཡིན།། རང་རིག་བདེ་བ་ཆེན་པོ་ལ།། རྒྱུ་དྲུག་ལོངས་སྤྱོད་གནས་ལ་སོགས་པ།། མྱ་ངན་འདས་པའི་སྐུ་གསུང་ཐུགས།། རང་རིག་བདེ་བ་ཆེན་པོ་ལ
11a2 དྲུག་ལོངས་གནས་ལ་སོགས།། མ་ངན་འདས་པ་སྐ་གསུངསོ་ཐུགས།། མ་ལུས་རྫོགས་དཀྱིལ་འཁོར་ཏེ།། རང་གི་སྦར་བའི་ཏིང་འཛིན་ལ།། སྨན་དྲངས་མོས་པའི་ཡིད་སྨོན་ཡིན།། བློ་ཡི་སྦྱོར་བ་རྟོག་པ་སྟེ།། བཅོས་མའི
11a3 ཐབས་ཀྱི་སྦྱོར་བ་ཡིས།། ཇི་བཞིན་དངོས་ལ་མི་འཇུག་པར།། བཅོས་མའི་བརྙན་མ་མངོན་བྱེད་མ།། དོན་དུ་དམིགས་ནས་འཇུག་བྱེད་ཀྱང་།། དཔེར་ནོ་སྤྲེའུ་དང་སྤྲེ་འབག་བཞིན།། དེ་ཡིས་དེ་དོན་མི་འབྱུང་བ།། བཅོས་མའི
11a4 དཀྱིལ་འཁོར་སྤང་བར་བྱ།། དེ་ན་རང་འབྱུང་དཀྱིལ་འཁོར་འདི།། ཇི་བཞིན་མངོན་གསུམ་ཁོ་ན་པས།། འདི་ལ་དེ་བཞིན་ནན་ཏོན་བྱ།། བཀྲ་གསལ་གཟུགས་དང་བརྗོད་བྲལ་བ་སྒྲ།། དངོས་བྲལ་རང་བཞིན་མེད་པའི་དྲི
11a5 མུ་ཁ་ཐིག་ལེ་དབྱིངས་ཀྱི་དང་།། སྣ་ཚོགས་དབྱིངས་ཉིད་བྱུ་གཱའི་གློང་།། ཀུན་འདུས་བདེ་ཆེན་དཀྱིལ་འཁོར་དྲུག། བདེ་བ་ཆེན་པོ་གཅིག་གཱི་དང་།། ཡེ་ཤེས་མཐའ་མེད་པར་འཇུག། འདི་ནི་རང་བཞིན་དཀྱིལ་འཁོར་ཡིན།།
11a6 འདི་ལ་སློབ་དཔོན་རྣམ་གཉིས་ཏེ།། བརྡ་དོན་སྒྲོལ་བའི་སློབ་དཔོན་ཡིན།། ཤེས་རབ་མཆོག་ལྡན་ཏིང་འཛིན་ཐོབ།། དམན་པའི་བློ་སྤངས་ཁྱད་པར་ཀུན་ཤེས་ཅན།། བསྟན་པའི་བཅུད་ཕྱུང་ཐེག་པའི་ཡ་ཐོག་ལ།
iiif viewer powered by OpenSeadragon
10b - 11b