| | e-texts navigator
|
6b1 རྣ་གཞན་དོན་དྲུག་ཀུ་བའོ།། དེ་ལ་བདག་དོན་དུ་བགྱུ་བ་ནི། དབེར་ན་འཇིག་རྟེན་དག་ཝཱ་ག་སོལ་ན། དྷགྲ་ཟླབ་བྷ་བུ་དང་འདྲའོ།། བདག་ཆོས་ཉིད་ལྷུན་གྲུབ་མ་རྟོག་ན། སངས་རྒྱས་དཀོན་མཆོག་སྤྱན་དྲངས་ཤིང་མཆོད་པ་དང་། ཆོས་དཀོན་མཆོག
6b2 ཀླག་ཅིང་འདོན་པ་དང་། དགེ་འདུན་སྡེ་ལ་ཞབས་རྟོགས་བྱས་ཏེ། དེ་ལྟར་བཀུར་བས་སྒྲིབ་པ་བྱུང་ཞིང་ཚེགསོ་སྐྱེ་བ་ལ་བར་ཆོད་མི་འབྱུང་ཞིང་བླ་ན་མེད་པོའི་འབྲས་བུ་ཡང་འབྱུང་ངོ་།། གཞན་དོན་དུ་བཀུར་བ་ནི། དཔེར་ན་བདག་ལ་མི་དགོས་ཀྱང
6b3 བདག་གི་བུ་ལ་དགོས་པ་བཞིན་དུ། བདག་ཉིད་ཀྱི་དོན་རྟོགས་མི་དགོས་ཀྱང་། འགྲོ་བ་གཞན་དྲང་པོའི་དོན་དུ་བཀུར་བར་བྱའོ།། དེ་ལ་མི་བཀུར་བ་ལ་གཉིས་ཏེ། མཉམ་པའི་དོན་ལ་གོལ་བ་ནི། གང་ལྟར་རྟོགས་པའི་དོན་བཞགས་ནས། དེ་གསུ
6b4 བཀུར་བ་དང་། ཆོས་སྤྱོད་དག་བྱེད་ན་གོལ་ལོ།། རང་གི་བརྩོལ་བས་གོལ་བ་ནི། དེ་ལྟར་ཆོས་སྤྱོད་བྱས་པས། འདུ་འཛི་ཡིས་གཡེངས་ན་མ་ཉམས་པའི་དོན་ལ་མ་བསྒོམ་པས། ཚེ་ཕྱི་མ་ལ་ཆོས་སྤྱོད་ཀྱི་ལས་འཕྲོ་བླངས་ཏེ། གཡེངས་ནས་མཉམ་པའི་དོན
6b5 དང་མི་འཕྲད་དོ།། དེ་ལྟར་སྐྱོན་ཡོད་པས། བཀུར་བར་མི་བྱ་ཞེས་པས་ཀྱང་བཤད་དོ།། ཡང་གཉིས་མེད་ཇི་བཞིན་རྟོགས་ན་བཀུར་ས་ལོག་ན་མེད་པས། བཀུར་བར་མི་བྱའོ།། འོ་ན་བཀུར་ན་སྐྱོན་ཅི་ཡོད་ཞེ་ན། མཉམ་པའི་དོན་ལས་གོལ་བ
6b6 དང་། འདུ་འཛིས་གཡེངས་ན་ཡང་དག་པའི་དོན་མེད་པའོ།། དེའི་ཕྱིར་མི་བཀུར་རོ།། དེ་ཡང་དཔེར་ན་རྒྱ་གར་ཡུལ་ན། ཞིང་པ་ལེ་བ། བྱ་བ་དང་། ལྷ་སྐྱེས་བྱ་བ་གཉིས་ཡོད་པ་ལས། མི་དེ་གཉིས་ཞིང་ཡུལ་ནོར་དུ་མཉམ། ཁྱོ་ཆུངས
iiif viewer powered by OpenSeadragon
6a - 7a