| | e-texts navigator
|
6a1 བར་གནས་པ་ནི། ཅེས་པ། ཕྱོགས་མེད་ཀྱི་བསྒོམ་པ་གོན། བསྒོམ་རྒྱུ་རང་མེད་དེ། བྱལ་བ་ལྷུག་པར་འདུག་པའོ།། དེ་ན་བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱའོ།། རྟོགས་པའི་རླུང་ཆེན་མ་ཡེངས་དོན་སྟོན་པ་ཅེས་པ
6a2 རྟོགས་པའི་རླུང་ཐོས་བསམ་མང་པོ་བྱས་པ། ཆོས་ཉིད་ཀྱི་བློ་ངང་གིས་འགྲོ་བ་དེ་ལ་བྱའོ།། བཤད་པའི་རླུང་ཆོས་བཤད་པས་ཀློང་གིས་འགྲོ་བ་དེའོ།། གད་མ་དག་གི་རླུང་གདམ་ངག་ཕོག་པས་ཀློང་གི་འགྲོ་བ་དེའོ།། དེ་ལྟ་བ
6a3 རྣམ་དག་བྱང་ཆུབ་སེམས་ཀྱི་སྒོམ་ཡིན་པའོ།། ལྷ་དང་ཀླུ་ཡང་ཅེས་པ། བརླབས་ཆེན་གཅོད་པའི་ཚིག་སྟོན་ཏེ། མ་ནོར་ཤེས་པའི་ལྷ་དང་། རྫུ་འཕྲུལ་གྱིས་ལས་བྱེད་པའི་ལྷ་དང་། དྲེགས་པ་གདུག་པ་བྱེད་པའི་བགསུམ་ནི། ནམ་ཡང
6a4 བཀུར་བར་མི་བྱི། ཞེས་པ། དཀོན་མཆོག་གསུམ་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ།། སངས་རྒྱས་ལ་གསུམ་སྟེ། ཐུགས་རྗེ་ལས་འབྱུང་བའི་སངས་རྒྱས། ལས་ལས་གྲུབ་པོའི་སངས་རྒྱས། རང་བཞིན་ལྷན
6a5 གྱི་གྲུབ་པའི་སངས་རྒྱས། དགེ་འདུན་ལ་གསུམ་སྟེ། ཤེས་རབ་ནང་གི་དགེ་འདུན། དོན་ཆེན་རྟོག་པའི་དགེ་འདུན། ཕྱི་གཟུགས་རྟགས་ཀྱི་དགེ་འདུན།། དཀོན་ཞེས་པ། གང་དཀོན། གང་ལ་དཀོན། གང་དུ་དཀོན། དཔེ་ནི
6a6 དང་འདྲ་བར་དཀོན། ཞེས་པ་ལ་སྩོགས་པ་སྦྱར་ཏེ་བཤད་དོ།། གསུམ་པ་དེ་ལུང་གྲཝ་ཆ་ལ་ཉན་བཤད་ན། ཁུར་བ་ངོ་།། རྩེ་བ་གཉིས་སོ།། དེ་ལ་ཆོས་ཉིད་ལྷུན་གྱི་དོན་མ་རྟོགས་ན།། བཀུར་ཏེ། དེ་ལ་གཉིས། བདག་དོན་དུ་བཀུར་གང
iiif viewer powered by OpenSeadragon
5b - 6b