| | e-texts navigator
|
5b1 ཅེས་པཿབསྒོམ་པའི་བློ་བ་ཞག་ཐབས་ནི། རང་རྒྱུད་པའི་ཡི་དམ་ལ་ཅི་ཡང་མི་བསྒོམ་མོ།། བློ་བྱོང་བར་ཀྱང་མི་གཏང་། རྒོད་པར་ཀྱང་མི་གཏང་། བྱིང་ན་གསང་། རྒོད་ན་བསྐྱིལ་ཏེ་དྲན་པའི་སྡོང་པོ་ལ་གདག་སོ།། རྣམ་པར་རྟོག་པའི་མཚན།
5b2 མ་ཅི་བྱུང་ཡང་། ཅེས་པ། བྱིང་རྒོད་གཉིས་ཏེ། རྐྱེན་གྱི་བྱིང་བ་ཆང་དང་གཉིད་དོ།། ཆེད་དུ་བྱས་པའི་བྱིང་བ་སེམས་བརླན་དྲགས་པའོ།། རྒོད་པ་ལ་གཉིས་ཏེ། མཆེད་དུ་བྱས་པའི་རྒོད་པ་ནི། དྲན་པ་དང་ཚེར་བ་ཆེད་དུ་བརྟེན། པའོ།། རྐྱེན་གྱི
5b3 རྒོད་པ་ནི་གཟུགས་སྒྲ་ལ་སྩོགས་པ་ལྔའོ།། ཕྱི་རོལ་ཡུལ་ལྔ་རིགས་འཕྲོག་པས་གཡེངས་ཅེས་པའོ།། མཚན་མ་ཅེས་པ། བློན་པོ་གྲུར་ཞུགས་པ་ལྟ་བུ་སྟེ། རི་དང་ས་དང་ན་མཁའ་འགྱུར་བའོ།། ཅི་བྱུང་ཡང་ཅེས་པ། སྒོམ་ཙམ་ནི་སྐྱོན
5b4 ཕྱི་ནས་གསལ་བ། རྣམ་པར་རྟོགས་པ་རྒྱུན་དུའོ།། རྟོགས་པ་དེ་ཉིད་ཆོས་ཡིན་ཤེས་ན་ཅེས་པ། བློ་བཅོས་ཐབས་ཏེ། རྟོགས་པའི་ཆོས་ཉིད་ལྕོགས་ན་མེད་དོ།། རྟོག་པ་རང་གྲོལ་རང་ཤར་བ་ནི། བསྒོམ་པའི་གདམ་ངག་གོ།།
5b5 ཆོས་ཀྱི་དབྱིངས་ཉིད་ཅེས་པ། རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཅེས་ན་སྐྱོན་སྤོང་ཞིང་སྟོན་བླང་དུ་མེདདོ།། དེ་ལ་གཉེན་པོས་ཅེས་པ། མ་རིག་པ་ལ་ཡིས་ཀྱི་གཉེན་པོ་མི་དགོས། ཞེ་སྡང་ལ་བྱམས་པའི་གཉེན་པོ་མ་དགོས།། བྱིང
5b6 པ་ལ་རྒོད་པའི་གཉེན་པོ་མི་དགོས།། རྒོད་ལ་བྱིང་བའི་གཉེན་པོ་མོ་དགོས།། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན་ཅེས་པ། བསྒོམ་ཆེན་དང་བསྒོམ་པའི་ཡུལ་གཉིས་ཡུལ་ཅན་དུ་མེད་དོ།། དོན་དམ་པར་ལ་བདེ
iiif viewer powered by OpenSeadragon
5a - 6a