| | e-texts navigator
|
5a1 མེད་པར་གཅིག་པའོ།། འབྲས་བུ་གཉིས་སུ་མེད་པར་རོ།། མ་རིག་པ་ཡས་ཀུན་གཞི། དེ་ལས་བག་ཆགས་ཀྱི་སེཾན་དུ་སྨིན་ནོ།། མྱ་ངན་ལས་འདས་པར་རིག་པའི་ཡིས་དེ་རྟོགས་ནས་ལམ་ལ་བགྲོད་པས་འབྲས་བུ་ཐོབ་པའོ།།
5a2 དེ་གཉིས་དངོས་པོར་གཅིག་པའོ།། གཉི་སུ་མེད་པའི་གཉིས་མེད་ནི། སངས་རྒྱས་སོན་གཉི་སུ་མེད་པའོ།། དེ་ལ་མཁན་པོ་གསལ་བརྒྱན་གྱི་བཞེད་ཀྱི་གཞི་སྟེ། ངའི་དང་། དོན་དང་། ལུང་དང་། མན་ངག་གོ།། དཔེ་ག་བུར་བྱའོ།།
5a3 དོན་ནི་སེམས་ལ་མ་རིག་པ་དང་ཡིས་གཉིས་ཀ་གཞི་སྣང་ལ། མི་སྙེད་པ་ལ་བྱའོ།། གདམ་ངག་ནི་ལག་པ་གཅིག་ལ་ན་ཚེ་དཔག་ཏུ་མེད་པ་དང་། ངོས་གཅིག་མི་ན་བར་གཉིས། སེམས་ལ་བཙལ་ན་མ་རྙེད་པའོ།། དེ་བཞིན་དུ་དངོས་པོ་དོན
5a4 ལ་ཡང་། མ་རིག་པ་དང་ཡིས་གཉིས་ཆོས་ཉིད་དུ་གཅིག་པའོ།། འདུ་བ་ལས་ཀྱི་སྒོ་ནས་གཉིས། གཉིས་མེད་ནི། གཉིས་མེད་མཐའ་དག་དྲང་ངོ་།། ཆོས་ཅེས་པ་སེམས་ལ་བྱ་སྟེ། དེ་ཡང་སེམས་ལས་ཕྱི་དང་ནང་དུ་མེད། ཆོས་ཉིད་ཆེ
5a5 བཱ་སྟེང་འོག་མིན། མེད་པ་མ་ཡིན་ཀུན་ལྔ་ཁྱབ་ཞེས་འབྱུང་བས། ཆོས་ཉིད་བྱང་ཆུབ་སེམས་བདེ་བ་ཆེན་པོ་ལ་སྟེང་འོག་སྣང་སྟོང་གང་ཡང་མེད་དེ། ཅི་ཡང་མ་ཡིན་ཀུན་ལ་ཁྱབ་བོ།། དེ་ལྟ་བུའི་དོན་རྟོགས་ནི་རྫས་དང་མཚན་མ་ཅི་ཡང་མི
5a6 འཛིན་མ་ཚིགས་ཏེ། དེ་ལྟར་མི་འཛིན་མི་ཚོགས་ན།། དོན་རྟོག་པའི་བདེ་བཆེན་པོ་མཉམ་པ་ཉིད་ཀྱི་དོན་འགྲུབ་པར་འགྱུར།། མཉམ་བཞག་སྒོམ་པའི་ཚིག་སྟོན་ཏེ། སེམས་དང་ཆེས་ནི་ཅི་ཡང་མ་ཡིན་པས། བསྒོམ་པའི་ཆེན་ཅི་ཡང་མི་བསྒོམ
iiif viewer powered by OpenSeadragon
4b - 5b