e-texts navigator
Collection
Volume
Page
Wylie

3b1 ན་མེས་ནི། བདེ་བར་གཤེགས་པའི་ཐུགས་ལ་གནས། རྡོ་རྗེ་དབྱིངས་ལ་སྩོགས་དྨའི་གཟུགས། སངས་རྒྱས་ལ་སྩོགས་འཁོར་ལོ་བསྐོར།། དེ་ལྟར་ཆོས་ཀྱི་སྐུ་དག་པ་རྗེས་པའོ།། དེ་ཁོན་ཉིད་གཉིས་མེད་ལ་ཆོས་སྐུར་འདུ།
3b2 པ་ནི། བརྒྱ་བཅུ་པ་ལས། འཇིག་རྟེན་བརྟན་གཡོ་ལ་སྩོགས་པ། སྣང་བ་ཉིད་ན་དྲོ་བོ་མེད། དེ་ཉིད་ཆོས་སྐུ་ཆེན་པོ་ཡིན་ཅེས་གསུངས་པའོ།། དེ་ཀུན་སྐྱེས་བུ་ཡིན་ཏེ་ཆེན་པོ་མིན།། དེ་ཁོ་ན་ཉིད་གཉུག་མ་ལས་ཆོས་སྐུར་འདོད་པ་ནི།
3b3 སྐྱེས་བུ་ཆེན་པོ་རང་གིས་རེག་ནས་རྟོག་པ་ནི། སྐུ་ལྡན་རྣམས་ཀྱི་བློ་ལ་གོ་བར་གྱིས་ཅེས་པ། སྐྱེས་བུ་ཆེན་པོ་ཅེས་པ། ཡང་དག་དོན་གྱི་སྐྱེས་བུ་ཆེན་པོ་སྟེ། འཁོར་འདས་ལ་ཁྱབ་པའི་ཕྱིར། སྐྱེས་བུ་ཞེས་པ་སྟེ། ན་མཁའ་ཆེ་ལས
3b4 ཁྱབ་པའི་ཕྱིར། ཆོས་སྐུས་ཁྱབ་པས་གཅིག་པའི་ཕྱིར། ཞེས་གསུངསོ།། སརྦའི་ཆེ་ལུག་སུ་བཞུགས་པས་ན་ཆེན་པོའོ།། རང་གིས་རོག་ནས་ཅེས་པ། གནས་ཡངས་དོག་མེད་པ་དོན་གྱི་འོགོ་མེན་དུ་རིག་ནས། རྟོག་པ་ཞེས་པ།།
3b5 སྤྲོས་པ་སྟེ། སྙན་ཚྭ་ལྔ་དང་ལྡན་པའི་ཕྱག་ན་རྡོ་རྗེའོ།། འདི་ཅེས་པ།། དོན་དྲུག་པ་འདི་ཉིད་དོ།། སྐྲ་ལྡན་རྣམས་ཅེས་པ། འཁོར་རྣམས་ཏེ། སྐྱེ་མྱེད་དོན་གྱི་གསུང་ཉན་པའི་སྐུལ་བུ་དང་ལྡན་པའོ།། བློ་ལ་གོ་བར་གྱིས་ཅེས་པ
3b6 སྤྱི་མིང་དོན་གྱི་གསུང་གི་སྒོ་ནས་བསྟན་པོའི་དོན་དྲུག་པ་འདོག་བར་གྱིས་ཤིག་པའི་གདམ་གོ།། ཡང་སྐྱེས་བུ་ཆེན་པོ་ཅེས་པ། ལེང་སྐུའི་གླེང་གཞི་སྟོན་ཏེ། ལོང་སྐུ་ལ་བཞི་སྟེ། ཡེས་ཆེན་པོའི་ལོང་སྐུ་དང་། གསང་བའི་ལོང་སྐུ




iiif viewer powered by OpenSeadragon

3a - 4a

Texts on this page

Gbr005.3 - don drug lta ba gcod pa'i 'khor lo