e-texts navigator
Collection
Volume
Page
Wylie

3a1 བཟུང་མ་ལྕགས་འཆོར། ལྕགས་བཟུང་ན་མཐོང་འཆོར་བའོ།། དེ་བཞིན་དུ་ཆོས་སྤྱོད་བྱས་ན་བསྒོམ་པ་འཆོར། བསྒོམ་པ་བྱས་ན་ཆོས་སྤྱོད་འཆོརབའོ།། མཐར་ཕྱིན་པའི་སྤྱོད་པ་ནི། ཆོས་སྤྱོད་ཅི་བྱིས་ཀྱང་བསྒོམ་པ་མ
3a2 ཤོར་ན། བསྒོམ་པ་མཐར་ཕྱིན་པའི་སྤྱོད་པའོ།། ། དོན་དྲུག་པ་ཞེས་པ། རང་བཞིན་གནས་པའི་དོནི། རྟོག་པ་ཆོས་ཉིད་ཀྱི་དོན། ཆོས་འགྲུབ་པའི་དོན། མ་བསྒོམ་བཞག་པའི་དོན། ཆོས་སྐུ་ལྷུན་གྲུབ་པའི་དོན། འཛིན་མེད་རོལ་པའི
3a3 དོན་ནོ།། དེ་ལ་སྩོགས་ཏེ་དཔེ་དྲུག། ཚིག་དྲུག་དང་ནི། གཞུང་གི་དོན་སྟོན་ཏོ།། དེ་ལ་གཉིས་ཏེ། ཕུན་སུམ་ཚོགས་པའི་དོན་གླེང་བཞི་བསྟན་པ་དང་།། གཞུང་དལ་བསྔོས་བསྟན་པའོ།། ཕུན་སུམ་ཚོགས་པའི་དོན་ལ་གཉིས་ཏེ།
3a4 སྔོན་འབྱུང་གི་གླེང་བཞི་བསྟན་པ་དང་། རྗེས་སུ་འཇུག་པའི་གླེང་བཞི་བསྟན་པའོ།། སྔོན་འབྱུང་གི་གླེང་བཞི་ལ་གསུམ་ལས། དྲང་པོ་ཆོས་ཀྱི་སྐུའི་གླེང་བཞི་སྟོན། ཆོས་ཀྱི་སྐུའི་མ་སྤངས་གཞི་ལས། དབྱིངས་སྤྲོས་བྲལ
3a5 ལ་ཆོས་བསྐུར་འདོད་པ་དང་། ཡིས་ལ་ཆོས་སྐུར་འདོད་པ་དང་། དེ་ཁོ་ན་ཉིད་གཉིས་མེད་ལ་ཆོས་སྐུར་འདོད་པ་དང་། ཐུན་མོངས་མ་ཡིན་དེ་ཁོ་ན་ཉིད་གཉུག་མ་ལ་ཆེས་སྐུར་འདོད་པའོ།། དབྱིངས་སྤྲོས་བྲལ་ལ་ཆོས་སྐུར་འདོད་པ་ནི།
3a6 རྡོ་རྗེ་གཅོང་པོ་ལས་གང་གིས་ང་ལ་དགྲ་འི་ཤེས་པ། ཡང་དག་ལ་ནི་གཟུགསུ་མཐོང་། ལོག་པར་མཐོང་བ་ཞུགས་པ་སྟེ། སྐྱེ་བོ་དེ་ཡིས་ང་མི་མཐོང་། ཅེས་པའོ།། ཡིས་ལ་ཆོས་སྒྲ་འདོད་པ་ནོ།། ཨ་བ་ར་ད་ལྭ། རྣམ་སྣང་མཛད




iiif viewer powered by OpenSeadragon

2b - 3b

Texts on this page

Gbr005.3 - don drug lta ba gcod pa'i 'khor lo