| | e-texts navigator
|
2a1 །། ལས་བྱུང་བའི་དོན་ནི་འདི་ལྟ་སྟེ། རང་འབྱུང་ཡིས་རྣམ་དག་པས། བྱང་ཞེས་བྱ་བར་བཤད་པ་ཡིན། ཆུབ་ཞེས་བྱ་བ་འདི་ལྟ་སྟེ། སྣང་སྲིང་སྣོད་བཅུང་ཐང་ལ། ཀུན་ལ་ཁྱབ་པར་གནས། དེ་ན་ཆུབ་ཞེས་བྱ་བར་བཤད།
2a2 སོས་ཞེས་བྱ་བ་འདི་ལྟ་སྟེ། སྙིང་པོ་རང་འབྱུང་ཡིས་ཏེ། སྣང་སྲིད་གནོད་བཅུད་ཐ~ཾང་ལོ།། འཇུག་ཅིང་དབང་བསྒྱུར་གསལ་བར་གཅོད། དེ་ན་སེམས་ཞེས་བྱ་བར་བཤད་ཞེས་གསུང་སོ།། བྱང་ཆུབ་སེམས་གཟུང་ཐབས་ཀྱི་སྒོ་ནས
2a3 པབཤད་པ་ནི། བདེ་བ་ལ་སེམས་གཟུང་བ་བཤང་ལ་བཤད་པ་དང་། སྡུག་བསྔལ་ལ་སེམས་གཟུང་བ་བཤོད་པའོ།། གཉིས་པ་བསྒོམ་པ་བཤད་པ་ལ་དྲུག་སྟེ། ལུས་ཀྱི་འདུག་གྲངས་དང་། ལུས་ཀྱི་འདུག་དང་། མི་མཐུན་ནོ
2a4 སྐྱོན་དང་། སྐྱོན་བཅོས་པའི་ཐབས་དང་། ཉམས་དང་། སྤྱོད་པའོ།། ལུས་ཀྱི་འདུག་སྟངས་ལ་གཉིས་གཞན་དོན་དང་བདག་དོན་ནོ།། གཞན་དོན་ནི། རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་ཆོས་འཐུནོ།། བདག་དོན་ནི། ཐུགས་ཀྱི་རེག
2a5 ཚད་ལས། དོན་ཆེན་པོ་ལ་གནས་ན། གང་ལྟར་འདུག་ཀྱང་འདུག་སྟངས་སོ་ཞེས་འབྱུང་།། བློའི་བཞག་ཐབས་ལ་བཞི། བཀའ་ལུང་གི་རྗེས་སུ་བསྒོམ་པ་དང་། གདམ་ངག་གི་སྟོབས་ཀྱི་བསྒོམ་པ་དང་། དངོས་པོ་བློ་དང་འཕྲད་པའི
2a6 བསྒོམ་པ་དང་། ཤེས་རབ་ཀྱི་རྩལ་གྱི་བསྒོམ་པའོ།། དེ་ལ་བཀའ་ལུང་གི་རྗེ་སུ་བསྒོམ་པ་ནི། བསམ་གཏན་གྱི་ཡི་གེ་རིས་མང་པོ་དང་། ལུང་ཟབ་མོས་རྐྱེན་ཅིང་བསྐུལ་ནས་བསྒོམ་པའོ།། གདམ་ངག་ཀྱི་སྟོབས་ཀྱི་བསྒོམ་པའོ།།
iiif viewer powered by OpenSeadragon
1b - 2b